དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྲིན་ཀྲུའུ་སྟོང་ཤོག་གིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། གལ་ཏེ་ཨ་མེ་རི་ཁས་མིག་སྔའི་དབྱི་སི་རལ་དང་དབྱི་ལིང་བར་གྱི་དམག་དོན་འཁྲུག་རྩོད་ལ་ཐེ་གཏོགས་བྱས་ན། རྩ་འཛུགས་དེས་ཐེ་ཚོམ་ཅི་ཡང་མེད་པར་དམག་དོན་རྟེན་གཞི་དང་བཅས་པའི་ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་གྱི་དམིགས་འབེན་ལ་འཇབ་རྒོལ་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་ད་རུང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་སྒོ་བརྒྱག་པ་དང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་མཐར་སྐྲོད་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོ་ཚོ་ནི་དབྱི་རག་གི་བདེ་འཇགས་དང་ས་ཁུལ་གྱི་གཏན་འཇགས་ཐད་ཀྱི་འཇིགས་ཉེན་ཆེས་ཚབས་ཆེན་རེད་ཟེར།
དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཚེས15ཉིན་བདེ་འཇགས་གསལ་འདེབས་བཏང་ནས། དབྱི་རག་ཏུ་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་དག་ཕྱི་རྒྱལ་བ་དག་རྒྱུན་པར་འགྲོ་བའི་གནས་དང་མི་མང་བོ་ཚོགས་ས་གང་རུང་དུ་འགྲོ་མི་རུང་བའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།