ཨེ་ཅིབ་ཀྱི་སྲིད་འཛིན་སེ་ཞི་ཡིས་ཚེས15ཉིན་བསྟན་དོན། ཨེ་ཅིབ་ཀྱིས་མིག་སྔའི་ས་ཁུལ་གྱི་འཁྲུག་རྩོད་དེ་རྒྱ་ཡན་དུ་འགྲོ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཅིང་། དབྱི་སི་རལ་གྱི་འཐབ་ཕྱོགས་སོ་སོའི་དམག་དོན་འགུལ་སྐྱོད་ཚང་མ་ངེས་པར་དུ་མཇུག་སྒྲིལ་དགོས་ཟེར།
ཨེ་ཅིབ་ཀྱི་སྲིད་འཛིན་བཞུགས་ཤག་གི་གསལ་སྒྲོག་ལྟར་ན། སེ་ཞི་ཡིས་ཉིན་དེར་སེ་ཕུའུ་ལུའུ་སིའི་སྲིད་འཛིན་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ལ་ཁ་པར་བཏང་སྟེ། ཞི་བའི་ཐག་གཅོད་ཇུས་གཞི་ནི་སྔར་བཞིན་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱས་ནས་ས་ཁུལ་གྱི་ཕྱོགས་སོ་སོས་འགན་ཁུར་བའི་སྒོ་ནས་བྱ་སྤྱོད་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
སེ་ཞི་ཡིས་ད་རུང་ཨ་མན་གྱིས་བར་འདུམ་བྱས་པའི་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་སླར་གསོ་བྱེད་པའི་དགོས་གལ་རང་བཞིན་སླར་གསོ་བྱས་པ་དང་། དེ་ནི་མིག་སྔའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐག་གཅོད་བྱེད་ཐབས་ཆེས་བཟང་བོ་ཡིན་པར་འདོད།
སེ་ཞི་ཡིས་ད་རུང་ཨེ་ཅིབ་ཀྱིས་དུས་ཡུན་རིང་བོར་དབུས་ཤར་ས་ཁུལ་དུ་ཉིང་རྡུལ་མཚོན་ཆ་མེད་པའི་ས་ཁུལ་འཛུགས་པའི་ལངས་ཕྱོགས་བཟུང་ཡོད་པ་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།