མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ལས་གནས་སྟོང་གསུམ་དང་ལྔ་བརྒྱ་ཙམ་ཇེ་ཉུང་དུ་གཏོང་རྒྱུ་རེད།
2025.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས16ཉིན་ཁྱབ་བསྒྲགས་བྱས་དོན། གྲོན་དངུལ་ཇེ་ཉུང་དུ་མི་གཏོང་ཐབས་མེད་བྱུང་བའི་དབང་གིས་སྤྱི་ཁྱབ་པུའུ་དང་དེའི་ཁོངས་གཏོགས་ཀྱི་ལས་ཁུངས་དག་ལས་ལས་གནས་སྟོང་གསུམ་དང་ལྔ་བརྒྱ་ཙམ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ལས་ཁུངས་དེས་བྱ་འགུལ་དང་འགྲོ་སོང་། མི་སྣའི་བཀོད་སྒྲིག གྲུབ་ཚུལ་བཅས་ལ་ཞིབ་བཤེར་བྱས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་དོན་གཅོད་ཁང་དག་གི་སྒོ་བརྒྱག་པའམ་ཇེ་ཉུང་དུ་མི་གཏོང་ཐབས་མེད་ཡིན་ལ། སྤྱི་ཁྱབ་པུའུ་དང་ས་ཁུལ་གྱི་དོན་གཅོད་ཁང་གི་མཐོ་རིམ་ལས་གནས་ཕྱེད་ཙམ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། བསྡོམས་པས་ལས་གནས་སྟོང་གསུམ་དང་ལྔ་བརྒྱ་ཙམ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱིས་བསྟན་དོན། ཛ་དྲག་གི་ནོར་སྲིད་དངོས་ཡོད་ལ་གཞིགས་ནས། ཡུལ་གྱར་བའི་ལས་དོན་ཁང་གིས་ལས་ཁུངས་དང་མི་སྣའི་གཞི་རྒྱ་ཇེ་ཉུང་དུ་མི་གཏོང་ཐབས་མེད་བྱུང་ཡོད། ང་ཚོས་ཇེ་ཉུང་དུ་བཏང་བའི་སྤྱི་ཁྱབ་པུའུ་དང་ས་ཁོངས་ཀྱི་དོན་གཅོད་ཁང་གི་རྒྱབ་སྐྱོར་འོག སྟོབས་ཤུགས་གཅིག་སྒྲིལ་གྱིས་ཡུལ་གྱར་བར་ཤུགས་རྐྱེན་ཆེ་བའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

ཀི་ལན་ཏིས་ཀྱིས་ད་ལོའི་ཟླ3པར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་རོགས་སྐྱོར་ཇེ་ཉུང་དུ་བཏང་བ་དེ་ལས་མི་ས་ཡ་མང་བོའི་ཚེ་སྲོག་ཉེན་ཁའི་གནས་སུ་ལྷུང་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།