དབྱི་ལིང་གི་མཁའ་སྲུང་དམག་དཔུང་གིས་དབྱི་སི་རལ་གྱི་དམག་དཔུང་གི F-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཞི་སར་ཕངས།
2025.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས17ཉིན་ཨ་སེ་པེད་ཅང་ཤར་མ་ཞིང་ཆེན་གྱི་ཉམས་ཉེན་དོ་དམ་ལྟེ་གནས་ཀྱི་གཙོ་གཉེར་དཔོན་པོ་ཧྥ་ཞེ་ཨར་གྱིས་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་ལིང་གི་དྲག་ཆས་དམག་དཔུང་གི་མཁའ་སྲུང་མ་ལག་གིས་དབྱི་ལིང་ནུབ་བྱང་ཕྱོགས་ཀྱི་ཏཱ་པུའུ་ལི་ཧྲི་ནས F-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་སར་ཕངས་ཡོད་ཟེར།

བསྒྲགས་པ་ལྟར་ན། དེ་ནི་དབྱི་ལིང་གི་མཁའ་སྲུང་མ་ལག་གིས་སར་འཕངས་པའི F-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཞི་བ་ཡིན་ཟེར་ཡང་། འཐབ་འཛིང་གནམ་གྲུ་དེ་སར་འཕངས་པའི་དུས་ཚོད་བྱེ་བྲག་ཏུ་བཤད་མེད།

དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།