ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས17ཉིན་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་བར་ཞི་བའི་གྲོས་མོལ་བྱས་པ་ཁས་ལེན་མ་བྱས།
ས་དེའི་ཚེས17ཉིན་གྱི་ཞོགས་པར། ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ངས་ད་རུང་རྣམ་པ་དང་ཐབས་ལམ་གང་རུང་བརྒྱུད་དེ་དབྱི་ལིང་བར་ཞི་བའི་གྲོས་མོལ་བྱས་མེད། གལ་ཏེ་ཁོ་ཚོས་གྲོས་མོལ་བྱེད་འདོད་ན་ང་ལ་ཇི་ལྟར་འབྲེལ་གཏུགས་བྱེད་ཚུལ་ཤེས་སྲིད་ཟེར།
འབྲེལ་ཡོད་མི་སྣས་ཚེས16ཉིན་བསྒྲགས་པ་ལྟར་ན། ཕོ་བྲང་དཀར་པོས་གཟའ་འཁོར་འདིའི་ནང་དབྱི་ལིང་བར་གྲོས་མོལ་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་དང་དབྱི་ལིང་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་སོགས་ལ་གྲོས་བསྡུར་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།
ཨ་མེ་རི་ཁའི་དཔོན་རིགས་ཀྱི་བཤད་ཚུལ་ལྟར་ན། ཐི་ལིང་ཕུའུ་སྲིད་གཞུང་གིས་དབྱི་སི་རལ་ལ་འགེབས་སྲུང་འགད་རྫས་འདོན་སྤྲོད་བྱས་མིན་དེ་དབྱི་ལིང་དང་གྲོས་མོལ་བྱེད་པའི་གཏའ་མར་བྱེད་རྒྱུ་རེད་ཟེར། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་ལ་མིག་སྔར་འགེབས་སྲུང་འགད་རྫས་མེད་པ་དང་། དབྱི་ལིང་གི་ཧྥུའུ་ཨར་ཏའོ་ས་འོག་ཉིང་རྡུལ་ནུས་པའི་སྒྲིག་ཆས་གཏོར་བར་མཚོན་ཆ་དེ་རིགས་མཁོ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།