དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས19ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གི་སྤྱི་ཁྱབ་དམག་སྤྱི་ཕཱ་ཁི་ཕུའུ་ཨར་གྱིས་ཉིན་དེར་ཁྱབ་བསྒྲགས་བྱས་དོན། ཧཱ་ཏི་མུས་གསར་བརྗེའི་ཉེན་ཟོན་རུ་ཁག་གསང་འཕྲིན་ལས་ཁུངས་ཀྱི་འགན་ཁུར་བ་གསར་བར་བསྐོ་འཇོག་བྱས་ཡོད་ཟེར།
ཕཱ་ཁི་ཕུའུ་ཨར་གྱིས་བསྟན་དོན། དཀའ་ཁག་མང་བོར་འཕྲད་པའི་གནས་ཚུལ་འོག གསར་བརྗེའི་ཉེན་ཟོན་རུ་ཁག་གསང་འཕྲིན་ལས་ཁུངས་ཀྱིས་མི་ཀུན་ཡིད་ཚིམས་པའི་བྱ་བ་བསྒྲུབ་ཐུབ་པར་རེ་བཞིན་ཡོད་ཟེར།
དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། ཧཱ་ཏི་མུས་ཀྱིས་སྔོན་ཆད་དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གསང་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བའི་ལས་འགན་ཁུར་མྱོང་བ་རེད།
ཚེས15ཉིན་དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གསང་འཕྲིན་ལས་ཁུངས་ཀྱི་སྔོན་ཆད་ཀྱི་འགན་ཁུར་བ་ཁཱ་ཆི་མུས་སོག་མཐོ་རིམ་དམག་དཔོན་གསུམ་དབྱི་སི་རལ་གྱིས་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ལ་བར་སྣང་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།