ཚེས20ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས། ཉེ་ལམ་དེའི་མཁའ་དམག་གི་དམག་འཐབ་གནམ་གྲུ་ཡིས་དབྱི་ལིང་གི་དབྱི་སི་ཧྥ་ཧན་དང་ཏི་ཧེ་ལན་གྱི་མཁའ་ཟོན་སྒྲིག་ཆས་མང་པོར་རྡུང་རྡེག་བཏང་ནས། དབྱི་ལིང་གི་མཁའ་ཁོངས་སུ་དབྱི་སི་རལ་གྱི་དམག་དཔུང་གི་དགེ་མཚན་སྔར་ལས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
གསལ་བསྒྲགས་ལས་དབྱི་སི་རལ་གྱི་དམག་དཔུང་གི་རྡུང་རྡེག་དམིགས་འབེན་ཁྲོད། མཁའ་ཟོན་འཕུར་མདེལ་མ་ལག་དང་ལེ་ཏ་སྒྲིག་ཆས་ཚུད་ཡོད་པ་རེད།དབྱི་སི་རལ་གྱི་དམག་དཔུང་གི་དམག་འཐབ་གནམ་གྲུ་ཡིས་དབྱི་ལིང་གི་དམག་དོན་དམིགས་འབེན་ལ་མུ་མཐུད་དུ་རྡུང་རྡེག་བཏང་ནས། དབྱི་ལང་གི་མཁའ་དབྱིངས་སུ་མཁའ་དབྱིངས་ཚོད་འཛིན་བྱེད་དབང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་རྒྱུ་ཡིན་པར་བསྟན།
གཡང་འབུམ་རྒྱལ་གྱིས་བསྒྱུར།