དབྱི་ལིང་གི་སྲིད་འཛིན་གྱིས་ཆ་རྐྱེན་མེད་པའི་སྒོ་ནས་དབྱི་སི་རལ་གྱི་བཙན་འཛུལ་མཚམས་འཇོག་རྒྱུ་ནི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་འབའ་ཞིག་པར་བསྟན།
2025.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན།དབྱི་ལིང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་གིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས།ཆ་རྐྱེན་མེད་པའི་སྒོ་ནས་དབྱི་སི་རལ་གྱི་བཙན་འཛུལ་མཚམས་འཇོག་རྒྱུ་ནི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་འབའ་ཞིག་ཡིན་ཞེས་བཤད།

ཕེ་ཙེ་ཞི་ཆི་དབྱང་གིས་དབྱི་ལིང་གིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་བརྟན་འཇགས་དོན་གཉེར་བྱེད་ཀྱི་ཡོད་མོད།འོན་ཀྱང་ད་ལྟའི་གནས་བབ་འོགཡུན་རིང་ཞི་བདེ་འབྱུང་རྒྱུ་ནི་དབྱི་སི་རལ་གྱིས་དགྲར་འཛིན་བྱ་སྤྱོད་མཚམས་བཞག་ནས།འཇིགས་སྐུལ་འཁྲུག་སློང་མཚམས་འཇོག་པར་འགན་ལེན་གསལ་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་མངོན་འགྱུར་བྱེད་ཐུབ་ཟེར།

ཁོས་ད་དུང་གལ་སྲིད་དབྱི་སི་རལ་གྱིས་དབྱི་ལིང་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་མཚམས་འཇོག་རྒྱུ་དང་ལེན་མ་བྱས་ཚེ།དབྱི་ལིང་གིས་དེ་ལས་ལྷག་པའི་རྒོལ་ལན་སློག་རྒྱུའི་ཐ་ཚིག་བསྒྲགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།