ཁོང་ཀོ(ཅིན)ཤར་རྒྱུད་ཀྱི་ཐན་གཏེར་རྡིབ་པའི་དོན་རྐྱེན་ལས་ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར།
2025.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན།ཁོང་ཀོ(ཅིན)སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།ཚེས19ཉིན་ཁོང་ཀོ(ཅིན)ཤར་རྒྱུད་པེ་ཅི་ཝུའུ་ཞིང་ཆེན་གྱི་ཐན་གྱི་གཏེར་ཁུལ་ཞིག་ཏུ་གཏེར་ཁུངས་རྡིབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར་འདུག

ས་གནས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།དོན་རྐྱེན་དེ་ཞིང་ཆེན་དེའི་ལུའུ་པ་ཡ་ཐན་གཏེར་ཁུལ་དུ་བྱུང་བ་དང་།གཏེར་ཁུངས་རྡིབ་སྐབས་གཏེར་འདོན་མཁན་མང་པོ་ཞིག་གིས་གཏེར་ཁྲོན་འོག་ཏུ་ལས་ཀ་ལས་བཞིན་ཡོད་པ་རེད། ད་ལྟ་རྐྱེན་ལམ་དུ་ཤོར་བའི་མི10ཡི་བེམ་པོ་རྙེད་ཡོད་ནའང་ད་དུང་མི་ལ་ལ་ཞིག་སྐྱོབ་ཐུབ་མེད།

ཐན་ལྕགས་གཏེར་རྡོ་ནི་དཀོན་པའི་ལྕགས་རིགས་ཐན་ལེན་པའི་གཏེར་རྡོ་གཙོ་བོ་ཞིག་རེད།ཐན་ལ་ཕུལ་དུ་བྱུང་བའི་གློག་འདྲེན་རང་བཞིན་སོགས་ལྡན་པའི་དབང་གིས་ཚན་རྩལ་མཐོ་བའི་ཁྱབ་ཁོངས་སུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་རྩིས་བྱས་པ་ལྟར་ན།ལུའུ་པ་ཡ་གཅིག་པུའི་ཐན་གྱི་ཐོན་ཚད་ཀྱིས་འཛམ་གླིང་གི་ཐན་མཁོ་སྤྲོད་བསྡོམས་འབོར་གྱི15%ཡན་ཟིན་ཡོད་པ་རེད། 2024ལོའི་ཟླ4པ་ནས་བཟུང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆསM23ལས་འགུལ་གྱིས་ལུའུ་པ་ཡའི་ཐན་གྱི་གཏེར་ཁུལ་ཚོད་འཛིན་བྱས་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།