ཕ་ལེ་སི་ཐན་སྨྱན་བྱད་ཀྱིས་དབྱི་སི་རལ་གྱི་དམག་གིས་ཅ་ཧྲའི་དབུས་རྒྱུད་ལ་འཇབ་རྒོལ་བྱས་ནས་མི34རྐྱེན་ལམ་དུ་ཤོར་ཟེར།
2025.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན། ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ས་ཁུལ་གཉིས་ལ་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་མི34རྐྱེན་ལམ་དུ་ཤོར་འདུག

གནས་ཚུལ་ལས་ཅ་ཧྲ་ས་ཁུལ་གྱི་སྨན་བཅོས་སྡེ་ཁག་གི་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་བཤད་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ནུའུ་སའེ་ལའེ་ཐི་ས་ཁུལ་གྱི་རོགས་སྐྱོར་དངོས་རྫས་ལེན་རྒྱུར་སྒུག་པའི་མང་ཚོགས་ལ་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི23རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་བཅུ་ཕྲག་ཁ་ཤས་ལ་རྨས་ཕོག་ཡོད་པ་རེད། དབྱི་སི་རལ་གྱི་དམག་གིས་ད་དུང་ཏེ་ཨར་པའེ་ལ་ཧེ་གྲོང་ཁྱེར་གྱི་ཁང་པ་ཞིག་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར་ཡོད།

དབྱི་སི་རལ་གྱི་དམག་དཔུང་གིས་གོང་གསལ་གྱི་གནས་ཚུལ་ལ་ད་དུང་ལན་ཅི་ཡང་བཏབ་མེད།

ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས19ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ3པའི་ཚེས18ཉིན་ནས་བཟུང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི5401རྐྱེན་ལམ་དུ་ཤོར་བ་དང་མི་18060ལ་རྨས་ཕོག་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།