དབྱི་སི་རལ་གྱིས་དབྱི་ལིང་གི་དམག་དོན་དམིགས་འབེན་མང་པོ་ཞིག་ལ་མཁའ་རྒོལ་བྱས།
2025.06.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན།དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེའི་སྔ་དྲོར་དམག་འཐབ་གནམ་གྲུ25ལྷག་ཙམ་བཏང་ནས།དབྱི་ལིང་གི་ནུབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཏ་པུའུ་ལིས་ཧྲི་དང་ཁི་ཨར་མན་ཧྲ་ཨ་ས་ཁུལ་གྱི་དམག་དོན་དམིགས་འབེན་མང་པོར་མཁའ་རྒོལ་འགུལ་སྐྱོད་སྤེལ་བ་ལེགས་འགྲུབ་བྱུང་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར།དབྱི་སི་རལ་གྱི་དམག་འཐབ་གནམ་གྲུ་ཡིས་གོང་གསལ་ས་གནས་གཉིས་ཀྱི་འཕུར་མདེལ་གསོག་འཇོག་དང་འཕེན་གཏོང་སྒྲིག་ཆས35ལྷག་ཙམ་ལ་རྡུང་རྡེག་བཏང་ཟེར།

ཉེ་སྔོན་དབྱི་ལིང་གི་མའེ་ཧི་ཨར་གསར་འགྱུར་ཁང་གིས་ཨ་སེ་པེད་ཅང་ཤར་མའི་ཞིང་ཆེན་ཉམས་ཉེན་དོ་དམ་སྡེ་ཁག་གི་འགན་འཁུར་བའི་སྐད་ཆ་དྲངས་ནས་བཤད་རྒྱུར།ཚེས20ཉིན་དབྱི་སི་རལ་གྱིས་ཏ་པུའུ་ལིས་ཧྲི་གནམ་གྲུ་ཐང་གི་མཐའ་འཁོར་དང་།དེ་མིན་གྲོང་ཁྱེར་དེའི་ནུབ་རྒྱུད་གྲོང་འདབས་ས་ཁུལ་དུ་འཇབ་རྒོལ་བྱས་པར་བཤད།གནས་ཚུལ་སྤེལ་བ་ལྟར་ན།དབྱི་ལང་གི་མཁའ་ཟོན་དམག་དཔུང་གིས་དགྲ་བོའི་འཕུར་སྐྱོད་དམིགས་འབེན་བཀག་འགོག་བྱས་ཡོད་པ་རེད།

གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།ཚེས20ཉིན་གྱི་ཐོ་རེངས་དུས་སུ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་གྱི་སྨན་ཁང་ཞིག་ལ་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་པ་དང་།ད་ལྟའི་བར་སྨན་ཁང་གསུམ་ལ་འཇབ་རྒོལ་ཐེབས་ཡོད་པར་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།