དབྱི་སི་རལ་གྱིས་དབྱི་ལིང་གི་མི་མེད་གནམ་གྲུའི་བཀོད་འདོམས་དཔོན་བསད་ཟེར།
2025.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས21ཉིན།དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས།ཚེས20ཉིན་དབྱི་སི་རལ་གྱི་མཁའ་དམག་གིས་དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་མཁའ་དམག་གི་མི་མེད་གནམ་གྲུའི་བཀོད་འདོམས་དཔོན་ཅ་ཏ་ཅི་བསད་ཟེར།

གསལ་བསྒྲགས་ལས་ཅ་ཏ་ཅི་ཡིས་ཉེ་སྔོན་དབྱི་ལིང་གི་ལྷོ་ནུབ་རྒྱུད་ཀྱི་ཨ་ཝ་ཧྲི་ས་ཁུལ་དུ་དབྱི་སི་རལ་གྱི་ས་ཁོངས་སུ་མི་མེད་གནམ་གྲུའི་འཇབ་རྒོལ་ཐེངས་བརྒྱ་ཕྲག་དུ་མ་བྱ་རྒྱུར་བཀོད་འདོམས་བྱས་ཡོད།

གསལ་བསྒྲགས་ལས་ཚེས13ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་མཁའ་དམག་གི་མི་མེད་གནམ་གྲུའི་དམག་དཔུང་གི་དམག་སྤྱི་ཐ་ཧི་ཨར-ཕུའུ་ཨར་བསད་རྗེས།ཅ་ཏ་ཅི་ཡིས་མི་མེད་གནམ་གྲུའི་དམག་དཔུང་གི་དམག་འཐབ་འགུལ་སྐྱོད་ཁྲོད་འགན་གཙོ་བོ་འཁུར་ཡོད་པར་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།