དབྱི་སི་རལ་གྱི་དམག་གིས་ལེ་པ་ནོན་ལྷོ་རྒྱུད་ཀྱི་ཀྲིན་ཀྲུའུ་ཏང་གི་རྟེན་གཞིར་འཇབ་རྒོལ་བྱས།
2025.06.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཚེས21ཉིན།དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།དབྱི་སི་རལ་གྱི་མཚོ་དམག་གི་དམག་གྲུ་ཞིག་གིས་ལེ་པ་ནོན་ལྷོ་རྒྱུད་དུ་ཡོད་པའི་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་དམག་དཔུང་གི་རྨང་གཞིའི་སྒྲིག་བཀོད་ཞིག་ལ་རྡུང་རྡེག་བཏང་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར།རྨང་གཞིའི་སྒྲིག་བཀོད་དེ་ནི་ཀྲིན་ཀྲུའུ་ཏང་གི་ལ་ཏི་ཝན་དམག་དཔུང་གིས་དབྱི་སི་རལ་གྱི་མི་སེར་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་ཇུས་འགོད་བྱེད་པའི་ཐད་སྤྱད་པ་དང་། དེ་ནི་དབྱི་སི་རལ་དང་ལེ་པ་ནོན་ཕྱོགས་གཉིས་ཀྱི་བར་བཞག་པའི་འབྲེལ་ཡོད་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་ཚབས་ཆེན་བྱས་ཡོད་ཅེས་འཁོད་ཡོད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ནས།དབྱི་སི་རལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཟོ་བའི་རྒྱུ་རྐྱེན་མཐའ་དག་མེད་པར་བཟོ་རྒྱུ་ཡིན་ཞེས་ནན་བཤད་བྱས།

ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་གོང་གི་གསལ་བསྒྲགས་དེར་ལན་ཅི་ཡང་བཏབ་མེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།