ཁོང་གོ་ཅིན་གྱི་དམག་ཕྱོགས་ཀྱིས་ཚེས23ཉིན་སྤྱི་སྒྲོག་སྤེལ་ཏེ། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ M23ལས་འགུལ་ཞེས་པས་སྔ་ཉིན་རྒྱལ་ཁབ་དེའི་ཤར་ངོས་ཀྱི་ཅི་ཝུའུ་ལྷོ་མ་ཞིང་ཆེན་དུ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ17བསད་པ་དང་། ཐོག་ཁང་མང་བོ་མེར་བཏང་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ས་དེའི་ཚེས22ཉིན་གྱི་དགོང་མོའི་དུས་ཚོད6དང་སྐར་མ30ཡས་མས་སུ། M23ལས་འགུལ་ཞེས་པའི་དྲག་ཆས་མི་སྣས་ཅི་ཝུའུ་ལྷོ་མ་ཞིང་ཆེན་གྱི་ཝ་ལུང་ཀུའུ་ས་ཁུལ་དུ་གནས་པའི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ17བསད་པ་དང་། དམངས་ཀྱི་སྡོད་ཁང་མང་བོ་མེར་བསྲེག་པས། མི་སེར་དཀྱུས་མ་མང་བོ་ཉེ་འདབས་ཀྱི་སྲིད་གཞུང་དམག་དཔུང་གི་ཉེན་ཡོལ་བྱེད་སར་བྲོས་བྱོལ་བྱས་ཡོད།
ཉེ་སྔོན་ཁོང་གོ་ཅིན་གྱི་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད་པ་དང་། M23ལས་འགུལ་ཞེས་པའི་དྲག་ཆས་པས་ཝུའུ་ཅི་བྱང་མ་ཞིང་ཆེན་དང་ཝུའུ་ཅི་ལྷོ་མ་ཞིང་ཆེན་སོགས་སུ་དཔུང་འཇུག་བྱེད་བཞིན་ཡོད་ལ། འཁྲུག་རྩོད་ལས་མི་སེར་དཀྱུས་མ་མང་བོར་ཤི་རྨས་བྱུང་བར་མ་ཟད་ཡུལ་ཁྱམས་བྱེད་དུ་བཅུག་ཡོད། ད་ལོའི་ཟླ་དང་པོའི་ཟླ་མཇུག་ཏུ། ཝུའུ་ཅི་བྱང་མ་ཞིང་ཆེན་ལྟེ་གནས་ཀྱི་ཀི་མཱ་གྲོང་ཁྱེར་དེ M23ལས་འགུལ་ཞེས་པའི་དྲག་ཆས་པས་ཚོད་འཛིན་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།