པཱ་ལིན་གྱི་རྒྱལ་ས་མེད་ནཱ་མེད་དུ་ཚེས23ཉིན་གྱི་དགོང་མོར་མཁའ་སྲུང་ཉེན་བརྡ་གྲགས་པ་དང་། པཱ་ལིན་སྲིད་གཞུང་གིས་དེའི་རྗེས་སུ་ཁྱབ་བསྒྲགས་བྱས་དོན། ས་ཁུལ་གྱི་གནས་བབ་འཕེལ་ཕྱོགས་ལ་གཞིགས་ནས་སྔོན་འགོག་བྱེད་ཆེད་གནས་སྐབས་སུ་པཱ་ལིན་གྱི་མཁའ་ཁོངས་བཀག་སྡོམ་བྱས་པ་ཡིན་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གིས་ཉིན་དེའི་དགོང་མོར་ཁཱ་ཐར་དང་དབྱི་རག་ཏུ་ཡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཕུར་མདའི་འཇབ་རྒོལ་བྱས།
ཨ་མེ་རི་ཁའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་ལྔ་བ་དུས་ཡུན་རིང་བོར་པཱ་ལིན་དུ་བཅའ་སྡོད་བྱས་ཡོད་པ་དང་། གནས་སྐབས་སུ་ཨ་མེ་རི་ཁའི་དམག་དཔུང་གི་པཱ་ལིན་གྱི་རྟེན་གཞིར་འཕུར་མདའི་འཇབ་རྒོལ་ཐེབས་པའི་གནས་ཚུལ་ཅི་ཡང་བྱུང་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།