ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་རང་གི་སྤྱི་དམངས་དང་སྡོད་དམངས། འཚམས་འདྲིར་ཡོང་མཁན་བཅས་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པར་དམིགས་ནས། ཁཱ་ཐར་འབྲེལ་ཡོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་དོན། ས་ཁུལ་རང་གི་གནས་བབ་ཀྱི་འཕེལ་ཕྱོགས་གསར་བ་གཞིགས་པའི་འགོག་སྲུང་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པའི་ཁག་ཅིག་ཡིན་པའི་ཆ་ནས། རྒྱལ་ཁབ་རང་གི་མཁའ་ཁོངས་ཀྱི་གནམ་གྲུའི་འཕུར་གཏོང་བྱ་འགུལ་ཚང་མ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཐག་བཅད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཁཱ་ཐར་དཔོན་ཕྱོགས་ལས་ཁུངས་ཀྱིས་གནས་བབ་ཀྱི་འཕེལ་ཕྱོགས་ལ་བསྟུད་མར་ལྟ་རྟོག་བྱེད་བཞིན་ཡོད་པར་མ་ཟད། ས་ཁུལ་དང་རྒྱལ་སྤྱིའི་གྲོགས་པོའི་བར་མཐུན་སྦྱོར་བྱས་ཏེ་གནས་བབ་ལ་དཔྱད་འཇོག་བྱེད་བཞིན་ཡོད་ལ། འབྲེལ་ཡོད་གནས་ཚུལ་དེ་དཔོན་ཕྱོགས་ཀྱི་ཐབས་ལམ་བརྒྱུད་དེ་དུས་ལྟར་མང་ཚོགས་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།