ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མུ་མཐུད་དུ་དབྱི་སི་རལ་ལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་བསྒྲགས་བྱས།
2025.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་ཆབ་སྲིད་ཅུའུ་ཡི་ཁོངས་མི་པུའུ་ཧེ་ཐིས་ཀྱིས་ཚེས24ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། རྩ་འཛུགས་དེས་མུ་མཐུད་དུ་དབྱི་སི་རལ་ལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་ཀྱང་། ཨ་མེ་རི་ཁར་རྣམ་འགྱུར་ཅི་འདྲ་འཛིན་པ་གླེང་མེད།

པུའུ་ཧེ་ཐིས་ཀྱིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལིང་བར་གྱི་འཁྲུག་རྩོད་མཚམས་འཇོག་རྒྱུ་དང་ལེན་བྱས་པ་དེ་ལས་ཁོ་ཚོས་གོ་བ་ལེན་ཐུབ་པའི་སྐད་བརྡ་གཅིག་པུ་ནི་དྲག་ཤུགས་ཡིན་པ་བདེན་དཔང་བྱས་ཡོད་ཟེར།

ཁོས་ནན་གྱིས་བསྟན་དོན། ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་དེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་མཚམས་འཇོག་པ་དང་བཀག་སྡོམ་མེད་པར་གཏོང་རག་བར་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།