དབྱི་ལིང་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་སུ་ནུས་ལྡན་དུ་གྱུར་རྗེས། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་གཉིས་ཀྱིས་ཚེས24ཉིན་ཁ་པར་བརྒྱུད་དེ་དབུས་ཤར་ས་ཁུལ་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་ནས་བྱས་ན་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཡིད་འཐད་བྱུང་།
ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་དབྱི་ལིང་དང་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པར་དགའ་བསུ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་དེ་བརྩི་སྲུང་བྱེད་དགོས་པ་ནན་བཤད་བྱས། ཁོས་བལྟས་ན། གྲོས་མཐུན་དེ་ལས་ཉེ་སྔོན་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱེད་ཐུབ་པ་དང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པར་ཐབས་ལམ་གསར་དུ་བཏོད་ཡོད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།