དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་དབྱི་སི་རལ་གྱི་འཇབ་རྒོལ་ལས་དབྱི་ལིང་གི་མི་627རྐྱེན་ལམ་དུ་ཤོར་ཟེར།
2025.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས25ཉིན།  དབྱི་ལིང་འཕྲོད་བསྟེན་པུའུ་ཡི་སྤྱི་པའི་འབྲེལ་བའི་གཙོ་གཉེར་པ་ཧོའུ་སའེ་ཡུན•ཁི་ཨར་མན་ཕུའུ་ཨར་གྱིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཚེས13ཉིན་གྱི་ཚུན་དུ་དབྱི་སི་རལ་གྱིས་དབྱི་ལིང་གི་ས་གནས་སོ་སོ་ལ་འཇབ་རྒོལ་བྱས་ཏེ།  མི627རྐྱེན་ལམ་དུ་ཤོར་བ་དང་མི4870ལ་རྨས་ཕོག་ཡོད་ཟེར།

ཁི་ཨར་མན་ཕུའུ་ཨར་གྱིས་བཤད་རྒྱུར།  མི་མང་པོ་ཞིག་ཡུལ་དངོས་ནས་ཚེ་ལས་འདས་པ་དང་། དེ་ལས་འཇབ་རྒོལ་གྱིས་གཏོར་བརླག་ཆེན་པོ་བཏང་ཡོད་པ་མཚོན་ཡོད་ཟེར།

ཚེས13ཉིན་གྱི་ཞོགས་པ་ནས་བཟུང་དབྱི་སི་རལ་གྱིས་དབྱི་ལིང་གི་ས་ཆ་མང་པོར་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་རེད།  དབྱི་ལིང་གིས་དབྱི་སི་རལ་གྱི་མངའ་ཁོངས་ཀྱི་དམིགས་འབེན་མི་འདྲ་བར་འཕུར་མདེལ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་ནས་རྒོལ་ལན་ཐེངས་མང་སྤྲད།  ཨ་རིས་ཁྱབ་བསྒྲགས་བྱས་པའི་དུས་ཚོད་རེའུ་མིག་གཞིར་བཟུང་ན། དབྱི་ལིང་དང་དབྱི་སི་རལ་བར་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་པེ་ཅིང་གི་དུས་ཚོད་ཚེས24ཉིན་གྱི་ཕྱི་དྲོར་དངོས་སུ་ནུས་པ་ཐོན་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།