ཚེས26ཉིན། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་ཡིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་ལ་ཁ་པར་གཏོང་སྐབས། དབྱི་སི་རལ་དང་དབྱི་ལིང་བར་དམག་འཁྲུག་མཚམས་བཞག་ཟིན་པ་དང་། ད་ལྟ་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་ཀྱང་མྱུར་དུ་མཚམས་འཇོག་དགོས་ཞེས་བཤད།
ཉིན་དེར་ཨེ་ཅིབ་ཀྱི་སྲིད་འཛིན་ཕོ་བྲང་གིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། ཨེ་ཅིབ་དང་དབྱིན་ཇི་ཕྱོགས་གཉིས་ཀྱིས་ཡང་བསྐྱར་གྲོས་མོལ་བྱེད་པ་དང་ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་བྱས་ཏེ་དྲག་ཤུགས་མ་སྤྱད་ན་དགོས་པ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་ཟེར།
སའེ་ཞི་ཡིས་མིག་སྔའི་དབུས་ཤར་ས་ཁུལ་གྱི་ཛ་དྲག་གནས་བབ་གནས་སྐབས་སུ་ཞི་འཇགས་སུ་གཏོང་བའི་གོ་སྐབས་སུ་བརྩིས་ནས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་ཡུན་རིང་མཚམས་འཇོག་རྒྱུ་མྱུར་དུ་མངོན་འགྱུར་བྱེད་དགོས་པ་དང་། ཅ་ཧྲའི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་བར་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས། ཁོས1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་ཡེ་ལུའུ་ས་ལེམ་ཤར་མ་རྒྱལ་ས་ཡིན་པའི་སྒེར་ཚུགས་ཀྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་པའི་རྨང་གཞིའི་སྟེང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲང་གཞག་དང་ཁྱོན་ཡོངས་ཀྱི་ཐག་གཅོད་ཇུས་གཞི་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།
གསལ་བསྒྲགས་ནང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ད་དུང་ཨེ་ཅིབ་དང་དབྱིན་ཇིའི་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས་ནས་དཔལ་འབྱོར་དང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།