ཚེས26ཉིན། ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་གྲོས་ཁང་གིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར།ཚེས25ཉིན་རྒྱལ་ས་པན་ཅི་རུ་ཡོད་པའི་མཐོ་རིམ་སློབ་འབྲིང་ཞིག་ཏུ་རྡོག་རྫིས་དོན་རྐྱེན་བྱུང་ནས་མི20ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་ཞིག་ལ་རྨས་ཕོག་ཡོད་པར་བཤད།
སྤྱི་བསྒྲགས་ལས་བཤད་རྒྱུར།པན་ཅི་རུ་ཡོད་པའི་པ་ཐའེ་ལེ་མིས·པོ་ཀན་ཏ་མཐོ་རིམ་སློབ་འབྲིང་དུ་ཚེས25ཉིན་གློག་ཤུགས་གློག་གནོན་སྒྱུར་ཆས་ལ་གློ་བུར་དུ་འབར་གས་དོན་རྐྱེན་བྱུང་། དོན་རྐྱེན་བྱུང་སྐབས་སློབ་མ5300ཙམ་ཡིག་རྒྱུགས་ལ་ཞུགས་བཞིན་ཡོད་པ་དང་།ཡུལ་དངོས་སུ་ཡོད་པའི་མི་རྣམས་གནས་སྐབས་དེར་འཇིགས་སྣང་གི་གནས་སུ་གྱར་ནས་ཕྱིར་འབྲོ་བའི་བརྒྱུད་རིམ་ཁྲོད་རྡོག་རྫིས་དོན་རྐྱེན་ཚབས་ཆེན་བྱུང་ཞིང་།མིག་སྔར་ཤི་རྨས་བྱུང་བ་ཚང་མ་རྒྱལ་སའི་སྨན་ཁང་མང་པོ་ཞིག་ཏུ་བསྐྱལ་ཡོད་པ་རེད། མཇུག་མཐར་ཤི་རྨས་ཀྱི་གྲངས་ཀ་ད་དུང་གཏན་འཁེལ་བྱེད་ཐུབ་མེད།
གཞན་ཡང་ས་གནས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།དོན་རྐྱེན་དེའི་ཁྲོད་ཉུང་མཐར་ཡང་སློབ་མ29རྐྱེན་ལམ་དུ་ཤོར་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།