རྒྱ་མཚོ་ཆེན་པོའི་གླིང་གི་རྒྱ་ཡིག་དགེ་རྒན་གྱི་ཚོགས་ཆེན་སྐབས་དྲུག་པ་ཨའོ་ཁི་ལན་དུ་བསྡུས།
2025.06.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ་རྒྱ་མཚོ་ཆེན་པོའི་གླིང་གི་རྒྱ་ཡིག་དགེ་རྒན་གྱི་ཚོགས་ཆེན་སྐབས་དྲུག་པ་དེ་ནེའུ་ཙི་ལན་གྱི་ཨའོ་ཁི་ལན་སློབ་ཆེན་དུ་བསྡུས། ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡའི་ས་ཆ་མང་པོ་ནས་ཡོང་བའི་རྒྱ་ཡིག་དགེ་རྒན་དང་སློབ་གསོའི་ཆེད་མཁས་པ་མཉམ་དུ་འཛོམས་ནས་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་དང་རྒྱ་མཚོ་ཆེན་པོའི་གླིང་ཆེན་དུ་རྒྱ་ཡིག་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་གྲོས་བསྡུར་བྱས།

ཨའོ་ཁི་ལན་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཆེན་མོ་ཝང་ཏན་ཕེན་གྱིས《མིས་བཟོས་རིག་ནུས་དང་རྒྱ་ཡིག་སློབ་ཁྲིད་ཀྱི་འབྱུང་འགྱུར》ཞེས་པ་བརྗོད་གཞི་ཡིན་པའི་གཏམ་བཤད་བྱས་ཏེ།  སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་མིས་བཟོས་རིག་ནུས་ལག་རྩལ་གྱི་བཀོལ་སྤྱོད་མདུན་ལམ་ལ་དཔྱད་བསྡུར་བྱས་པར་ཚོགས་ཞུགས་མི་སྣས་སྤྲོ་སེམས་འཁོལ་བའི་བགྲོ་གླེང་བྱས།  ཚོགས་ཆེན་གྱི་བྱ་འགུལ་ཁྲོད་ད་དུང་ཆེད་དོན་བྱ་བའི་བྱེད་ཐབས12བཙུགས་ཡོད་པ་དེའི་ནང་དུ་སློབ་ཁྲིད་བྱེད་ཐབས་དང་། ཀྲུང་གོའི་རིག་གནས་བྱ་འགུལ་གྱི་རྩ་འཛུགས། རྒྱུགས་ལེན་དཔྱད་ཞིབ་སོགས་ཀྱི་གྲོས་གཞི་འདུས་ཡོད་པ་དང་། ཚོགས་འདུར་ཞུགས་མཁན་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པས་ཡུལ་དངོས་སུ་བརྗེ་རེས་ཀྱི་རྣམ་པར་སྤྲོ་སྣང་ལྡན།

ཨའོ་ཁི་ལན་སློབ་ཆེན་གྱི་ནེའུ་ཙི་ལན་སྐད་ཡིག་སློབ་གསོ་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན་ཀྲང་ཡན་ཧྥང་དང་ཨའོ་ཁི་ལན་ཁུང་ཙི་སློབ་གླིང་གི་ཕྱི་ཕྱོགས་ཡོན་ཀྲང་དགེ་རྒན་ཆེན་མོ་ ཀྲོའུ་ཞུའེ་ལིན་གྱིས་ས་གནས་དེའི་འཐབ་ཕྱོགས་དང་པོའི་རྒྱ་ཡིག་དགེ་རྒན་གྱི་དཀའ་སྤྱད་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ནེའུ་ཙི་ལན་གྱི་རྒྱ་ཡིག་སློབ་ཁྲིད་དང་དགེ་རྒན་གསོ་སྦྱོང་ལས་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས།

ཨའོ་ཁི་ལན་དུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་གཞུང་ཚབ་པ་གཞོན་པ་ཝང་ཅོན་ཁྲའོ་ཡིས་མཇུག་སྡུད་མཛད་སྒོའི་སྟེང་རྒྱ་ཡིག་གི་དགེ་རྒན་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས། ཀྲུང་གོའི་སྐད་ཡིག་རིག་གནས་ལ་དགའ་བའི་ས་གནས་དེའི་སློབ་མ་དེ་ལས་མང་པོ་གསོ་སྐྱོང་བྱེད་དགོས་པའི་སྐུལ་ལྕག་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་ཆེན་ནི་ནེའུ་ཙི་ལན་གྱི་རྒྱ་ཡིག་དགེ་རྒན་མཐུན་ཚོགས་དང་། ཨའོ་ཁི་ལན་སློབ་ཆེན་གྱི་ནེའུ་ཙི་ལན་སྐད་ཡིག་སློབ་གསོ་གསོ་སྦྱོང་ལྟེ་གནས། ཨའོ་ཁི་ལན་ཁུང་ཙི་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་པ་རེད། ནེའུ་ཙི་ལན་གྱི་རྒྱ་ཡིག་དགེ་རྒན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཅོན་དབྱིན་གྱིས་ཐེངས་འདིའི་ཚོགས་ཆེན་ལ་ལོ་ཕྱེད་རིང་གྲ་སྒྲིག་བྱས་པ་དེའི་དམིགས་ཡུལ་ནི།  རྒྱ་ཡིག་གི་དགེ་རྒན་རྣམས་ལ་ཆེད་ལས་ཀྱི་བརྗེ་རེས་སྟེགས་བུ་ཞིག་མཁོ་འདོན་བྱ་རྒྱུ་དེ་ཡིན་ཟེར།  ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡ་ནས་ཡོང་བའི་རྒྱ་ཡིག་གི་དགེ་རྒན་དང་འབྲེལ་ཡོད་མི་སྣ100ཙམ་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།