ཚེས27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཅ་ཧྲའི་གནས་བབ་ཐད་གསར་འགོད་པའི་ཐུག་འཕྲད་ཚོགས་འདུ་བསྡུས་ནས། ཅ་ཧྲ་ས་ཁུལ་དུ་མྱུར་དུ་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལེ་སི་ཡིས་དབྱི་སི་རལ་དང་དབྱི་ལིང་བར་གྱི་གདོང་ཐུག་དོན་རྐྱེན་ལ་འཛམ་གླིང་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཅ་ཧྲ་ས་ཁུལ་དུ་གདོང་ཐུག་བྱུང་བ་ནས་བཟུང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཀྱིས་གཞི་ཁྱོན་ལྡན་ལ་མི་རྣམས་ཧ་ལས་དགོས་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞིག་བཟོས་ཡོད། རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ན། བཙན་བཟུང་བྱེད་མཁན་དབྱི་སི་རལ་ཡིན་པའི་ངོས་ནས་ངེས་པར་དུ་མི་ཆོས་རོགས་སྐྱོབ་འགུལ་སྐྱོད་ལ་སྟབས་བདེ་མཁོ་འདོན་བྱེད་དགོས་མོད། འོན་ཀྱང་མི་ཆོས་རོགས་སྐྱོབ་དེ་མུ་མཐུད་དུ་འགོག་རྐྱེན་དང་འཕྲད་བཞིན་ཡོད།
ཀུའུ་ཐི་ལེ་སི་ཡིས་རེ་ཐག་ཆད་པའི་མི་རྣམས་དམག་དོན་ཅན་གྱི་ས་ཁོངས་སུ་རྒུད་སྐྱོབ་དངོས་རྫས་ལེན་པར་ཁྲིད་སྟོན་བྱེད་པའི་བྱེད་ཐབས་གང་ཞིག་ཡིན་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོབ་འགུལ་སྐྱོད་གནད་སྨིན་འཐུས་ཚང་དུ་ཕྱིན་ནས་ལག་བསྟར་བྱེད་ཐུབ་པས་དབྱི་སི་རལ་གྱིས་ངེས་པར་དུ་གཏོང་དགོས་ཞེས་བཤད།
ཀུའུ་ཐི་ལེ་སི་ཡིས་བཙན་ཉར་བྱས་པའི་མི་སྣ་ཚང་མ་ཆ་རྐྱེན་མེད་པའི་སྒོ་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པར་ཡང་བསྐྱར་འབོད་སྐུལ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།