ཚེས27ཉིན་གྱི་མཚན་མོ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་པོ་ཀུའུ་ཐི་ལེ་སི་ཡིས་གསལ་བསྒྲགས་སྤེལ་ནས།ཁོང་ཀོ(ཅིན)དང་རུ་ཝང་ཏའི་བར་ཉིན་དེར་ཁྱོན་ཡོངས་ནས་ཞི་བདེའི་གྲོས་མཐུན་ལ་མིང་རྟགས་བཀོད་པར་དགའ་བསུ་ཞུས།
གསལ་བསྒྲགས་ལས་གྲོས་མཐུན་དེ་ནི་ཁོང་ཀོ(ཅིན)ཤར་རྒྱུད་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཚེའུ་ཆེན་པོའི་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་གོམ་པ་གལ་ཆེན་ཞིག་སྤོས་ཡོད་ཟེར།ཁོས་རྒྱལ་ཁབ་གཉིས་ཀྱིས་དགྲར་འཛིན་གྱི་བྱ་སྤྱོད་མཚམས་བཞག་ནས་གྲོས་མཐུན་གྱི་ནང་དོན་ལ་བརྩི་སྲུང་གང་ལེགས་བྱེད་དགོས་པའི་ལྕག་མ་བཏང་། གསལ་བསྒྲགས་དེའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཁོང་ཀོ(ཅིན)དུ་སྡོད་པའི་ཞི་བདེ་སྲུང་སྐྱོང་དམག་དཔུང་དང་བཅས་པས་གྲོས་མཐུན་དེ་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་གཞོགས་འདེགས་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་འཁོད་ཡོད།
ཚེས27ཉིན་ཁོང་ཀོ(ཅིན)དང་རུ་ཝང་ཏ་གཉིས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཧྲིན་ཏོན་དུ་ཁྱོན་ཡོངས་ནས་ཞི་བདེའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས།ལོ30རིང་གི་གདོང་ཐུག་མཇུག་བསྒྲིལ་ཏེ་གླིང་ཆེན་ཨ་ཧྥེ་རི་ཁའི་མཚེའུ་ཆེན་པོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་རྒྱུར་ཁས་ལེན་བྱས།གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་མྱུར་དུ་ནུས་པ་ཐོན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།