དབྱི་སི་རལ་གྱི་དམག་གིས་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་འཕངས་པའི་འཕུར་མདེལ་ཞིག་བདེ་བླག་ངང་བཀག
2025.06.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཚེས28ཉིན།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་འཕངས་པའི་འཕུར་མདེལ་ཞིག་བདེ་བླག་ངང་བཀག་འགོག་བྱས་ཡོད་ཅེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ལག་འཁྱེར་ཁ་པར་དུ་སྒྲིག་སྦྱོར་བྱས་པའི་ཉེན་ཟོན་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། ཉིན་དེར་དབྱི་སི་རལ་ལྷོ་རྒྱུད་ཀྱི་པེ་ཨེར་ཞེ་པ་དང་ཏིས་མོ་ན་སོགས་སུ་མཁའ་ཟོན་ཉེན་བརྡ་གྲག་ཡོད།

ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་ཀྱིས་ཉིན་འགའི་སྔོན།  ཟླ3པའི་ཟླ་དཀྱིལ་ནས་བཟུང་རྩ་འཛུགས་དེས་དབྱི་སི་རལ་ལ་མདེལ་ལམ་འཕུར་མདེལ་དང་།སྒྲ་མྱུར་ཚད་མཐོ་བའི་འཕུར་མདེལ་འཕངས་ཡོད་པར་མ་ཟད།   མི་མེད་གནམ་གྲུ309བཏང་པ་ཁྱབ་བསྒྲགས་བྱས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།