ཚེས27ཉིན།མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་སུན་ལེ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོང་ཀོ(ཅིན)གནད་དོན་ཁྱབ་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ནས།གདོང་ཐུག་ཕྱོགས་ཁག་གིས་དམག་འཁྲུག་དང་གཏུམ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
སུན་ལེ་ཡིས་བཤད་རྒྱུར།ཁོང་ཀོ(ཅིན)ཤར་རྒྱུད་ས་ཁུལ་གྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཉམས་ཞན་ཡིན། ཀྲུང་གོ་ཕྱོགས་ཀྱིས་གདོང་ཐུག་ཕྱོགས་ཁག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང2773པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།དམག་འཁྲུག་དང་གཏུམ་སྤྱོད་མཚམས་བཞག་སྟེ་མི་སེར་ལ་དམིགས་པའི་འཇབ་རྒོལ་དང་བཙན་གནོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ(ཅིན)དང་རུ་ཝང་ཏ་ཡིས་སྤེལ་བཞིན་པའི་ཞི་བདེའི་གྲོས་མོལ་ལ་དགའ་བསུ་ཞུས་ནས་ཕྱོགས་གཉིས་ཀྱིས་ཞི་བདེའི་གྲོས་མཐུན་བཞག་པར་དོ་སྣང་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་ལམ་སྲོལ་གྱིས་མུ་མཐུད་དུ་འདུམ་སྒྲིག་གི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ས་ཁོངས་ཕྱི་རོལ་གྱི་རྒྱལ་ཁབ་ཀྱིས་ཁོང་ཀོ(ཅིན)ཤར་རྒྱུད་ས་ཁུལ་གྱི་ཞི་བདེ་ལ་དངོས་གནས་འབད་བརྩོན་བྱས་ཏེ།གོ་སྐབས་དང་བསྟུན་ནས་སྒེར་གྱི་ཁེ་ཕན་དོན་གཉེར་བྱེད་རུང་།ཐེངས་འདིར་ཁོང་ཀོ(ཅིན)ཤར་རྒྱུད་ས་ཁུལ་གྱི་གདོང་ཐུག་ཁྲོད་མང་ཚོགས་ས་ཡ་གཅིག་ལྷག་ཙམ་ཡུལ་གྱར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིསM23ལས་འགུལ་སོགས་འབྲེལ་ཡོད་ཕྱོགས་ཀྱིས་ཆ་རྐྱེན་མེད་པའི་སྒོ་ནས་མི་ཆོས་ཆོག་འཐུས་འགན་ལེན་བྱེད་དགོས་པའི་སྐུལ་མ་གཏོང་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་གྱི་མི་ཆོས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
སུན་ལེ་ཡིས་བསྟན་དོན།ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ།ཁོང་ཀོ(ཅིན)ཤར་རྒྱུད་ས་ཁུལ་གྱི་གདོང་ཐུག་སྔ་མོ་ནས་མེད་པར་བྱས་ཏེ་ཞི་བདེ་དང་བདེ་འཇགས་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།