ཧྥི་ལི་ཕིན་ལྷོ་རྒྱུད་མཚོ་ཁོངས་སུ་ཚད་རིམ6.1གི་ས་ཡོམ་བྱུང་།
2025.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས28ཉིན།ཧྥི་ལི་ཕིན་གྱི་མེ་རི་ས་ཡོམ་ཞིབ་འཇུག་སུའོ་ཡིས་བཤད་རྒྱུར།ཧྥི་ལི་ཕིན་ལྷོ་རྒྱུད་ཀྱི་ཞིས་ཏ་ཝོ་ཞིང་ཆེན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཉིན་དེའི་ཞོགས་པར་ཚད་རིམ6.1གྱི་ས་ཡོམ་བྱུང་བ་དང་།གནས་སྐབས་སུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་འབྱོར་མེད།

ཞིབ་འཇུག་སུའོ་དེས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན།ཐེངས་འདིའི་ས་ཡོམ་དེ་ས་གནས་དེའི་དུས་ཚོད7དང་སྐར་མ7གྱི་སྟེང་བྱུང་བ་དང་།ཡོམ་ལྟེ་ནི་ཞིས་ཏ་ཝོ་ཞིང་ཆེན་ས་ལན་ཅ་ཉི་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ85ཙམ་གྱི་མཚམས་ཡིན་པ་དང་།ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ79ཡོད་པ་རེད།

ཞིབ་འཇུག་སུའོ་དེས་ཐེངས་འདིའི་ས་ཡོམ་ནི་གྲུབ་ཆའི་ས་ཡོམ་ཡིན་པས་ས་ཡོམ་ལྷག་མ་འབྱུང་སྲིད་མོད།སྔོན་དཔག་བྱས་ན་མཚོ་ཡོམ་འབྱུང་མི་སྲིད་ཅེས་བསྟན།

ཧྥི་ལི་ཕིན་ནི་ཞི་བདེ་རྒྱ་མཚོའི་མཐའ་འཁོར་གྱི་མེ་རིའི་ས་ཡོམ་ཁུལ་དུ་ཆགས་ཡོད་པ་དང་ས་ཡོམ་རྒྱུན་པར་འབྱུང་བཞིན་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།