ཚེས29ཉིན་མོ་ཞི་ཁོ་བྱང་རྒྱུད་ཆི་ཝ་ཝ་མངའ་སྡེའི་ཞིབ་དཔྱོད་དཔོན་སའེ་སར·ཧའོ་ལེ་ཅི·མོ་ལེ་ནོ་ཡིས་ས་གནས་དེའི་སྨྱན་བྱད་ལ་མངའ་སྡེ་དེའི་མཐའ་མཚམས་གྲོང་ཁྱེར་ཧྭ་ལེ་སིའི་པུར་སྦྱངས་ཁང་ཞིག་གིས་སྒྲིག་འགལ་གྱིས་ཉར་ཚགས་བྱས་པའི་བེམ་པོ381རྙེད་པ་ར་སྤྲོད་བྱས།
ཧའོ་ལེ་ཅིས་པུརམསནབནཡབས་ཁང་འདིས་དུར་ཁང་མང་པོ་ཞིག་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་མོད། འོན་ཀྱང་དོན་དངོས་སུ་བེམ་པོ་འབོར་ཆེན་མེར་སྲེག་མེད་པར་མ་ཟད། འདས་པོའི་རུས་ཐལ་འདས་པོའི་ཁྱིམ་མིར་སྤྲད་པར་མགོ་སྐོར་གཏོང་བའི་དོགས་པ་ཡོད་ཅེས་བཤད། མིག་སྔར་པུར་སྦྱང་ཁང་དེའི་གཙོ་གཉེར་མཁན་དང་ལས་མི་ཞིག་འཛིན་བཟུང་བྱས་པ་དང་ཉེས་མིང་མང་པོ་ཞིག་གིས་སྐྱོན་འདོན་ཞུ་གཏུག་བྱ་རྒྱུ་རེད།
ས་གནས་དེའི་སྨྱན་བྱད་ཀྱིས་ཉེ་སྔོན་སྤེལ་བའི་གནས་ཚུལ་ལྟར་ན། བེམ་པོ་དེ་དག་པུར་སྦྱང་ཁང་པ་མང་པོ་ཞིག་དུ་གང་འདོད་དུ་སྤུངས་པའི་ནང་། བེམ་པོ་ཚང་མར་རུལ་འགོག་གི་ཐག་གཅོད་བྱས་པ་རེད། བེམ་པོ་ཁ་ཤས་ཕལ་ཆེར་ལོ་གཉིས་ལ་ཉར་ཚགས་བྱས་ཡོད་སྲིད།
ཧྭ་ལེ་སི་ནི་སྔོན་ཆད་མོ་ཞི་ཁོའི་དུག་རྫས་དང་དྲག་ཤུགས་ཉེས་གསོག་སྨྱོ་ཧམ་ཆེ་བའི་གྲོང་ཁྱེར་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཧྭ་ལེ་སིའི་མི་གསོད་གྱོད་གཞི་བྱུང་ཚད་སྔར་བཞིན་མོ་ཞི་ཁོའི་རྒྱལ་ཡོངས་གྲོང་ཁྱེར་གྱི་མདུན་གྲལ་དུ་གནས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།