ཐི་ལིང་ཕུའུ་ཡིས་ས་གནས་དེ་གར་བྲག་རྡོ་ཏུན་སྟོང་ཕྲག་ཁ་ཤས་ལས་ལྷག་མེད་ཟེར་བ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལང་ལ་ཟླ་བ་ཁ་ཤས་ནང་ཡུའུ་མཁོ་འཇོག་སྙིགས་འདོན་བསྐྱར་དུ་འགོ་འཛུགས་པའི་ནུས་པ་ལྡན་ཟེར།
2025.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ས་དེའི་དུས་ཚོད་ཚེས29ཉིན་འཛིན་བཟུང་བྱས་པའི་དབྱི་ལང་གི་དཔོན་རིགས་ཀྱི་འཕྲིན་གཏོང་ནང་དོན་ལ་གཞིགས་ནས། ཨ་མེ་རི་ཁས་དབྱི་ལང་གི་ཉིང་རྡུལ་སྒྲིག་བཀོད་ལ་རྡུང་རྡེག་གཏོར་བཤིག་བཏང་བའི་ཚད་དང་ཁྱབ་ཁོངས་ཚང་མ་ཁོ་ཚོའི་སྔོན་དཔག་དང་དེ་འདྲ་ཆེན་པོ་མེད་པའི་གནས་ཚུལ་སྤེལ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉིན་དེར་བསྟན་དོན། ད་ལྟ་དབྱི་ལིང་གི་ཉིང་རྡུལ་སྒྲིག་བཀོད་ལ་བྲག་རྡོ་ཏུན་སྟོང་ཕྲག་ཁ་ཤས་ལས་ལྷག་མེད་ཟེར།     རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་མི་ཀི་ལུའོ་ཞི་ཡིས་བལྟས་ན། དབྱི་ལང་གི་ཡུའུ་ཐག་གཅོད་ནུས་ཤུགས་སྔར་བཞིན་ཚད་གཞི་ངེས་ཅན་ཞིག་གི་ཐོག་སོར་འཇོག་ཐུབ་ཀྱིན་ཡོད་པའི་ངོས་འཛིན་བྱས།

ཨ་མེ་རི་ཁའི《ཝ་ཧྲིན་ཏོན་སྦྲག་སྲིད་ཚགས་པར》གྱིས་ཚེས29ཡི་ཉིན་གནས་ཚུལ་ཤེས་མཁན་བཞི་ཡི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་མེ་རི་ཁའི་དབྱི་ལང་གི་མཐོ་རིམ་དཔོན་རིགས་ཀྱི་འཕྲིན་གཏོང་ནང་དོན་ལ་གཞིགས་ན།    དབྱི་ལང་དཔོན་རིགས་ཀྱིས་ཨ་རི་ཕྱོགས་ཀྱིས་དབྱི་ལང་གི་ཉིང་རྡུལ་སྒྲིག་བཀོད་ཀྱི་དམག་དོན་ལ་རྡུང་རྡེག་ཐེབས་པའི་སྐོར་གླེང་སྐབས་བསྟན་དོན། དེའི་གཏོར་བརླག་གི་ཚད་དང་ཁྱབ་ཁོངས་དེ་ཁོ་ཚོའི་སྔོན་དཔག་ལས་ཆེན་པོ་མེད་ཟེར།

སྤེལ་བའི་གནས་ཚུལ་ཁྲོད་ཨ་རིའི་སྲིད་གཞུང་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར། ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ལཱ་ཐེ་ཁི་ལིས་ཧྥུའུ་ཡིས་ཉིན་འགའི་སྔོན་རྒྱལ་ཚོགས་ཀྱི་གསང་བའི་གསར་འགྱུར་མདོར་བསྡུས་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལང་གི་འགག་རྩའི་ཉིང་རྡུལ་སྒྲིག་བཀོད་མང་པོ་ཞིག་ལ་གཏོར་བརླག་ཐེབས་པའི་ནང་ལྕགས་རིགས་ཚུལ་སྒྱུར་སྒྲིག་བཀོད་ཚུད་ཡོད་ཟེར།  སྒྲིག་བཀོད་དེའི་ཐོན་སྐྱེད་ཉིང་རྡུལ་འབར་མདེལ་གྱི་ལྟེ་བའི་ལྷུ་ལག་ལ་བསྐྱར་བསྐྲུན་ལོ་འགའ་བྱེད་དགོས།   ལཱ་ཐེ་ཁི་ལིས་ཧྥུའུ་ཡིས་དེ་དང་མཉམ་དུ་བསྟན་དོན། ཨ་མེ་རི་ཁའི་གསང་འཕྲིན་ལས་དབྱི་ལང་གི་ཡུའུ་མཁོ་འཇོག་སྙིགས་འདོན་མང་ཆེ་ཤས་དབྱི་སི་ཧྥ་ཧན་དང་ཧྥུའུ་ཨར་ཏོ་ཉིང་རྡུལ་སྒྲིག་ཆས་ཁྲོད་གསོག་ཉར་བྱས་ཡོད་པར་བཤད་འདུག

ཡིན་ཡང་།  ཐི་ལང་ཕུའུ་ཡིས་ཚེས29ཧྥུའུ་ཁི་སི་གསར་འགྱུར་དྲ་བས་བཏང་བའི་བཅར་འདྲིའི་ཁྲོད་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལང་ཧྥུའུ་ཨར་ཏོ་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བཏང་བ་ལས་དམིགས་འབེན་ས་ཁུལ་ཡོངས་སུ་གཏོར་ཞིག་བཏང་ཡོད་ཟེར་ཞིང་། ད་ལྟ་གནས་དེ་རུ་བྲག་རྡོ་ཏུན་སྟོང་འགའ་ལས་ལྷག་མེད་པ་དང་། ས་ཁུལ་ཡོངས་ལ་གཏོར་བརླགས་ཐེབས་པ་དང་། དབྱི་ལང་གི་ཉིང་རྡུལ་སྒྲིག་ཆས་གཞན་པ་གཉིས་ཀྱང་གཏོར་ཞིག་བཏང་ཟེར།

རྒྱལ་སྤྱིའི་རྡུལ་ཕྲན་ལས་ཁུངས་ཀྱི་སྤྱིའི་ལས་མི་ཀི་ལུའོ་ཞི་ཡིས་ཚེས29ཉིན་བཏང་བའི་ཨ་མེ་རི་ཁའི་ཀི་ལོན་པི་ཡ་རྒྱང་སྒྲོག་ཀུང་སིའི་ཆེད་དོན་བཅར་འདྲིའི་ཁྲོད་བཤད་རྒྱུར། དབྱི་ལང་གི་ཉིང་རྡུལ་འཆར་གཞིར་རྡུང་རྡེག་ཚབས་ཆེན་ཐེབས་པར་ཕྱོགས་སོ་སོར་ངོས་འཛིན་བྱུང་ཡོད་ཀྱང་། ཡུའུ་ཐག་གཅོད་དང་ཚུལ་སྒྱུར། མཁོ་འཇོག་སྙིགས་འདོན་བྱེད་ནུས་བཅས་ད་དུང་ལྷག་ལུས་བྱུང་ཡོད་པར་འདོད། ཉིང་རྡུལ་སྒྲིག་ཆས་ལ་གཏོར་བརླགས་ཚབས་ཆེན་ཐེབས་ཀྱང་སྒྲིག་ཆས་ཁ་ཤས་ད་དུང་གནས་ཐུབ་ཡོད་ཟེར། ཀི་ལུའོ་ཞི་ཡིས་ཉེ་སྔོན་བསྟན་དོན། དབྱི་ལང་གི་ཉིང་རྡུལ་འཆར་གཞི་ལོ་བཅུ་ཕྲག་འགར་ཕྱི་སྣུར་བྱས་ཡོད་ཅེས་པའི་བཤད་ཚུལ་དེ་ནི་ཆབ་སྲིད་ཀྱི་དཔྱད་འཇོག་ཅིག་རེད་ཟེར།

ཤ་བོ་རིན་མཚོས་བསྒྱུར།