ཨ་རིའི་ཨའེ་ཏ་ཧོ་མངའ་སྡེའི་མེ་གསོད་མི་སྣར་འཇབ་རྒོལ་བྱེད་མཁན་གྱི་ལག་དམར་དེ་ཤི་ཟིན།
2025.07.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཚེས29ཉིན།  ཨ་རིའི་ཨའེ་ཏ་ཧོ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་མངའ་སྡེའི་དེའི་ཁུའུ་ཐེ་ནའེ་རྫོང་གི་རི་ཁུལ་དུ་མེ་གསོད་མི་སྣར་འཇབ་རྒོལ་བྱེད་མཁན་གྱི་ལག་དམར་དེ་ཤི་ཟིན་པར་བཤད།

ཨའེ་ཏ་ཧོ་མངའ་སྡེའི་ཁུའུ་ཐེ་ནའེ་རྫོང་གི་ཉེན་རྟོག་དཔོན་ལུའོ་པོ་ཐེ·ནོ་ལིས་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། མེ་མདས་འཇབ་རྒོལ་བྱེད་མཁན་གྱི་ལག་དམར་དེ་ཤི་བ་དང་ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་བྱེད་མཁན་དེ་ནི་ཁེར་རྐྱང་དུ་འགུལ་སྐྱོད་སྤེལ་མཁན་ཞིག་ཡིན་པས་མིག་སྔར་ཉེ་འགྲམ་གྱི་གྲོང་མིར་འཇིགས་སྐུལ་བྱེད་མཁན་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།

ཉེན་རྟོག་དཔོན་པོའི་གཞུང་དོན་ཁང་གིས་གསལ་བསྒྲགས་ཤིག་གི་ནང་དུ་དམིགས་བསལ་ཉེན་རྟོག་པས་དོན་རྐྱེན་བྱུང་བའི་རི་ཁུལ་དུ་ལག་དམར་འཚོལ་སྐབས་སྐྱེས་པ་ཞིག་གི་བེམ་པོ་རྙེད་པར་མ་ཟད། ཉེ་འགྲམ་དུ་མེ་མདའ་ཞིག་རྙེད་པ་རེད།ས་གནས་དེའི་སྲིད་གཞུང་གིས་ཉེ་འགྲམ་གྱི་གྲོང་མིར་ཁྱིམ་དུ་ཉེན་གཡོལ་བྱེད་པའི་བཀའ་རྒྱ་མེད་པར་བཟོས་ཡོད།

ཚེས29ཉིན་གྱི་ཕྱི་དྲོར། ཁུའུ་ཐེ་ནའེ་རྫོང་རི་ཁུལ་དུ་མེ་སྐྱོན་བྱུང་།མེ་གསོད་མི་སྣ་ཡུལ་དངོས་སུ་འབྱོར་ནས་མེ་གསོད་པའི་ལས་ཀ་བྱེད་སྐབས། ཐོབ་ཐང་གསལ་པོ་མི་ཤེས་པའི་མི་སྣ་ཞིག་གི་མེ་མདའ་ཕོག་ནས་མེ་གསོད་མཁན་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་གསོད་མཁན་གཞན་ཞིག་ལ་རྨས་ཕོག་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།