ཐེངས33པའི་ཨེ་ཀེ་ལི་ཧྲའོ་རྒྱལ་སྤྱིའི་འབྲུག་གྲུ་འགྲན་བསྡུར་སུའེ་ཙེར་དུ་བསྡུས།
2025.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས28ཉིན་ནས་ཚེས29ཉིན་བར་སྐབས33པའི་ཨའེ་ཀེ་ལི་ཧྲའོ་རྒྱལ་སྤྱིའི་གྲུ་འབྲུག་འགྲན་བསྡུར་དེ་སུའེ་ཙེར་ཀྲུའེ་ལི་ཧྲི་མངའ་སྡེའི་ཨའེ་ཀེ་ལི་ཧྲའོ་གྲོང་ཁྱེར་དུ་བསྡུས་པ་དང་། འབྲུག་གྲུའི་རུ་ཁག76གི་འགྲན་ཞུགས་པ1600ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

ཉིན་གཉིས་རིང་གི་འགྲན་སྡུར་བྱས་པ་བརྒྱུད། ཀྲུང་གོའི་ཁྲུང་ཆིང་ཧོ་ཁྲོན་རུ་ཁག་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་འགྲན་ཞུགས་པ་ཡོངས་ཀྱི་དོ་ཁུར་དང་བསྔགས་བརྗོད་ཐོབ་པ་དང་། ཕུལ་བྱུང་ཕོ་མོ་མཉམ་བསྲེས་ཚན་ཆུང་གི་ཨང་དང་པོ་བླངས།

ཨའེ་ཀེ་ལི་ཧྲའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ལུའོ་ལན·ལིའུ་ཁེ་སི་ཏི་ཨར་གྱིས་འབྲུག་གྲུ་འགྲན་བསྡུར་བྱེད་པར་སྟོབས་ཤུགས་ཕུལ་བ་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།  མི་རྣམས་ཀྱིས་ཀྲུང་གོ་ནས་ང་ཚོར་ཁྱེར་ཡོང་བའི་མཛེས་སྡུག་ལྡན་པའི་སྲོལ་རྒྱུན་དེའི་ནང་ཞུགས་ཐུབ་པ་ནི་དངོས་གནས་ཡག་པོ་ཞིག་རེད་ཅེས་བཤད།

སྐབས་འདིའི་འབྲུག་གྲུ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེ་ལི་ཁི་སི·མའེ་ཨེར་གྱིས་བཤད་རྒྱུར། མི་རྣམས་གནས་འདི་རུ་འབྲུག་གྲུ་འགྲན་སྡུར་ཐེངས33པའི་སྟེང་མཉམ་འཛོམས་བྱུང་ཐུབ་པ་དེ་ལས་ཨེ་ཀེ་ལི་ཧྲའོ་རྒྱལ་སྤྱིའི་འབྲུག་གྲུ་འགྲན་བསྡུར་གྱི་སྤྲོ་སེམས་དང་། ཁས་ལེན། སྲོལ་རྒྱུན་བཅས་ལ་ས་ཁུལ་དེ་གར་ཚད་བཀག་མེད་པ་མ་ཟད་དེ་ལས་ཆེ་བའི་མཐའ་མཚམས་སུ་ཡང་ཁྱབ་པ་ར་སྤྲོད་བྱུང་ཡོད།

སུའུ་ལི་ཧྲིར་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་གཞོན་པ་ཡུས་ཞུང་གདན་ཞུས་ལྟར་འབྲུག་གྲུ་འགྲན་བསྡུར་གྱི་མཛད་སྒོར་ཞུགས་པ་དང་། ཡུལ་དངོས་སུ་ཤིས་ཚིག་ཕུལ་ནས་འབྲུག་གྲུ་འགྲན་བསྡུར་ནི་ཀྲུང་གོའི་གོམས་སྲོལ་གལ་ཆེན་ཞིག་དང་དགའ་བསུ་ཆེན་པོ་ཐོབ་པའི་རིག་གནས་བྱ་འགུལ་ཞིག་ཡིན་ཞེས་བཤད། ད་ལྟ་འཛམ་གླིང་གི་གྲོང་ཁྱེར་མང་པོ་ཞིག་གིས་རང་ཉིད་ཀྱི་འབྲུག་གྲུ་འགྲན་བསྡུར་གཉེར་གྱི་ཡོད་པ་དེའི་ཐོག་ནས། འབྲུག་གྲུའི་གོམས་སྲོལ་རྒྱུན་འཛིན་དང་ཁྱབ་སྤེལ་བྱས་པ་མཚོན་གྱི་ཡོད་ལ་རིག་གནས་མི་འདྲ་བ་ཕན་ཚུན་མཉམ་འདྲེས་དང་མིའི་རིགས་ཀྱི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ཡང་མཚོན་གྱི་ཡོད།

སུའེ་ཙེར་ཀྲུའེ་ལིས་ཧྲི་མངའ་སྡེ་ཡི་ཕྱིར་སྡོད་ཀྲུང་གོ་བ་དང་ཀྲུང་གོ་བས་སྒྲིག་འཛུགས་བྱས་པའི་འབྲུག་གྲུའི་རུ་ཁག་ཀྱང་སྐབས་འདིའི་འགྲན་བསྡུར་ལ་ཞུགས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།