དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་དང་ཨ་མེ་རི་ཁས་གྲོས་མོལ་སླར་གསོ་བྱེད་པར་སྔར་བཞིན་དུས་ཚོད་ངེས་ཅན་དགོས་པའི་ཚུལ་བསྟན།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཟླ6པའི་ཚེས30ཉིན་ཏི་ཧེ་ལན་ནས་ཨ་མེ་རི་ཁའི་ཁོ་ལོམ་པུ་ཡཱ་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་སླར་གསོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་མེ་རི་ཁས་གྲོས་མོལ་བྱེད་སྐབས་དབྱི་ལིང་ལ་འཇབ་རྒོལ་མི་བྱེད་པར་འགན་སྲུང་བྱེད་རྒྱུ་དེ་ཡིན། དོན་དེར་གཞིགས་ན་ཁོའི་བསམ་པར་གྲོས་མོལ་སླར་གསོ་བྱེད་པར་སྔར་བཞིན་དུས་ཚོད་ངེས་ཅན་དགོས་པར་བསམ་ཡོད་ཟེར།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་དབྱི་ལིང་གིས་གཟའ་འཁོར་འདིའི་ནང་གྲོས་མོལ་སླར་གསོ་བྱེད་སྲིད་པའི་གནས་ཚུལ་འདྲི་སྐབས་ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། ཁོས་བལྟས་ན་གྲོས་མོལ་དེ་མྱུར་མོར་སླར་གསོ་བྱེད་མི་སྲིད་པར་འདོད་ཡོད་ཟེར།

ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། དབྱི་ལིང་ཡང་བསྐྱར་གྲོས་མོལ་ལ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་མེ་རི་ཁས་གྲོས་མོལ་བྱེད་སྐབས་དབྱི་ལིང་ལ་དམག་དོན་དཔུང་འཇུག་མི་བྱེད་པར་འགན་སྲུང་བྱེད་རྒྱུ་དེ་ཡིན། གནས་ཚུལ་མང་བོར་བསམ་བློ་གཏོང་ན་ང་ཚོར་སྔར་ལས་མང་བའི་དུས་ཚོད་དགོས་ཟེར།

ཡིན་ཡང་ཨ་ལཱ་ཀི་ཆི་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་སྒོ་ཆེན་དེ་དུས་གཏན་དུ་བརྒྱག་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།