ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཡོ་ནན་གྱིས་ཉོ་ཚོང་གྲོས་མཐུན་བཀོད་པའི་ཚུལ་བསྟན།
2025.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས2ཉིན་བསྟན་དོན། ཨ་མེ་རི་ཁས་ཡོ་ནན་བར་ཉོ་ཚོང་གྲོས་མཐུན་བཀོད་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཡོ་ནན་བར་ཉོ་ཚོང་གྲོས་མཐུན་ཞིག་བཀོད་ཡོད་པ་དང་། ཅང་མ་འགོར་བའི་རྗེས་སུ་བྱེ་བྲག་གི་ནང་དོན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་དེའི་རྗེས་སུ་བསྟན་དོན། ཡོ་ནན་གྱིས་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པའི་ཚོང་རྫས་ཚང་མར་ཉུང་མཐར་ཡང་བརྒྱ་ཆའི་ཉི་ཤུའི་སྒོ་ཁྲལ་བསྡུ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁར་ཚོང་ར་སྒོ་འབྱེད་བྱེད་དགོས་ཟེར།

ཡོ་ནན་འཕྲིན་གཏོང་ཁང་གིས་ཉིན་དེའི་དགོང་མོར་བསྒྲགས་པ་ལྟར་ན། ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཡོ་ནན་དང་ཨ་མེ་རི་ཁའི་འབྲེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་སྒོ་ཁྲལ་གྲོས་མོལ་སོགས་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས། ཐི་ལིང་ཕུའུ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཡོ་ནན་བར་མཉམ་ལས་བྱས་ཏེ་ཕྱོགས་གཉིས་ཀྱི་ཉོ་ཚོང་ལ་གནོད་པ་ཐེབས་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། སུའུ་ལིན་གྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་མྱུར་མོར་ཡོ་ནན་ཚོང་རའི་དཔལ་འབྱོར་གོ་གནས་ཁས་ལེན་བྱེད་དགོས་པར་མ་ཟད། ཨ་མེ་རི་ཁས་ཡོ་ནན་གྱི་མཐོ་གསར་ལག་རྩལ་གྱི་ཐོན་རྫས་སྐོར་ཞིག་གི་ཕྱིར་གཏོང་ཚད་བཀག་མེད་པར་གཏོང་དགོས་པའི་གྲོས་གཞི་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།