ཧིན་རྡུ་ཉི་ཞི་ཡཱ་དང་སོ་ཏི་ཨ་རབ་ཀྱིས་རིན་ཐང་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བདུན་གྱི་མཉམ་ལས་གྲོས་མཐུན་བཀོད།
2025.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧིན་རྡུ་ཉི་ཞི་ཡཱ་དང་སོ་ཏི་ཨ་རབ་ཀྱིས་ཚེས2ཉིན་སྤྱིའི་རིན་ཐང་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བདུན་གྱི་མཉམ་ལས་གྲོས་མཐུན་དང་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། དག་གཙང་ནུས་ཁུངས་དང་རྡོ་སྣུམ་རྫས་འགྱུར། སྨན་བཅོས་བདེ་སྲུང་། ནུས་ཁུངས་ཀྱི་མུ་འབྲེལ་མཁོ་འདོན། སྨན་རྫས་དང་བདེ་ཐང་ལག་རྩལ་སོགས་ཁྱབ་ཁོངས་ལ་ཁེབས་ཡོད།

ཧིན་རྡུ་ཉི་ཞི་ཡཱའི་སྲིད་འཛིན་དྲུང་ཡིག་ཁྲུའུ་ཡིས་ཚེས3ཉིན་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་སྲིད་འཛིན་ཕུའུ་ལཱ་པའོ་བོ་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་པིན་སཱ་ལེན་མན་གྱིས་སོ་ཏི་ཨ་རབ་ནུབ་ངོས་ཀྱི་ཅི་ཏཱ་གྲོང་ཁྱེར་ནས་ཕྱོགས་གཉིས་ཀྱི་གྲོས་མོལ་སྤེལ་སྐབས་གྲོས་མཐུན་འགོད་པར་མཉམ་དུ་བདེན་དཔང་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ད་རུང་གཞི་གྲངས་དཔལ་འབྱོར་དང་ཁྲིམས་འཛིན། སློབ་གསོ། ངལ་རྩོལ། ཡུལ་སྐོར། བཟོ་ལས། མཁའ་འགྲུལ་མཉམ་འབྲེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ནན་བཤད་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།