དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་འགས་གཏོར་བཏང་།
2025.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་གསང་འཕྲིན་གཞིར་བཟུང་ནས་ལེ་པཱ་ནུན་ལྷོ་ཕྱོགས་སུ་ཡོད་པའི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་མང་བོར་འགས་གཏོར་བཏང་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གི་མཚོན་ཆའི་མཛོད་ཁང་དང་དམག་དོན་རྨང་གཞིའི་སྒྲིག་ཆས་སོགས་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གི་དྲག་ཆས་དང་དམག་དོན་བྱ་འགུལ་དེ་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ཡོད་ཟེར།

ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ནེ་པེད་ཐིས་ཡེ་ཞིང་ཆེན་གྱི་ས་ཁུལ་མང་བོར་ཚེས3ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཟེར།

དེ་ལས་གཞན་དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ཉེ་འདབས་ཀྱི་ཧེ་ལེ་ཏའེ་གྲོང་རྡལ་གྱི་ལམ་དུ་བགྲོད་བཞིན་པའི་རླངས་འཁོར་ཆུང་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།