དབྱི་སི་རལ་གྱི་གྲོས་མོལ་ཚན་ཆུང་ཏའོ་ཧཱ་རུ་སོང་ནས་ཧཱ་མཱ་སིའི་བར་གྲོས་མོལ་བྱེད་རྒྱུ་རེད།
2025.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཚེས5ཉིན་སྨྱན་བྱད་མང་བོར་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་སྲིད་གཞུང་གིས་གྲོས་མོལ་ཚན་ཆུང་ཞིག་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་མངག་ནས། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་དབྱི་སི་རལ་གྱི་མཐོ་རིམ་དཔོན་པོ་ཞིག་གི་སྐད་ཆ་དྲངས་པ་ལྟར་ན། འདུམ་འགྲིག་མཁན་ཁཱ་ཐར་དང་ཨ་མེ་རི་ཁའི་གནོན་ཤུགས་དབང་གིས་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་ཆ་རྐྱེན་ཐད་ནས་ཇེ་ལྷོད་དུ་བཏང་ཡོད་ཟེར། དཔོན་རིགས་དེས་ད་རུང་བཤད་རྒྱུར། ཕྱོགས་གཉིས་བར་མཉམ་ལས་ཀྱི་བར་སྟོང་ཡོད་ཟེར།

གཞན་ཡང་དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་གྲོས་མོལ་ཚན་ཆུང་དེ་ཚེས5དང་ཡང་ན་ཚེས6ཉིན་ལམ་དུ་ཆས་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།