ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོར་ཉེ་སྔོན་བསྟུད་མར་ཚ་བ་ཇེ་མཐོར་སོང་དང་ཐན་པ་བྱུང་། ཕོ་ལན་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས5ཉིན་བསྒྲགས་པ་ལཏྲ་ན། ཕོ་ལན་གྱི་བཞུར་རྒྱུན་ཆེས་རིང་བའི་ཆུ་བོ་ཝེ་སི་ཐུའུ་ལཱ་ཆུ་བོའི་རྒྱལ་ས་ཧྭ་ཧྲ་ཡི་ཆུ་དཔྱད་ས་ཚིགས་ཤིག་ནས་ཚད་འཇལ་བྱས་པའི་ཆུའི་གཏིང་ཚད་ལིས་སྨི19ལས་མེད་ལ། ལོ་རྒྱུས་ཀྱི་ཆེས་དམའ་བའི་ཚད་དུ་བསླེབས་ཡོད། ཧང་ག་རིའི་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་ཉེ་སྔོན་བསྟན་དོན། ད་ལོའི་ཟླ6པའི་ཆར་བའི་འབབ་ཚད་སྔོན་ལོའི་ཆ་སྙོམས་འབབ་ཚད་ལས་བརྒྱ་ཆའི17ཙམ་ལས་མེད་པ་དང་། དེའི་ཤུགས་རྐྱེན་དབང་གིས་ཏའོ་ནོའུ་ཆུ་བོའི་བཞུར་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད་ཟེར། པའོ་ཧེ་ཡི་རྒྱལ་ས་སཱ་ལཱ་རི་བོ་ཡི་མུས་ལེ་ཡཱ་ཚི་ཁཱ་ཆུ་བོའི་བཞུར་ཚད་ཀྱང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད། འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཉེ་སྔོན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཐལ་དྲགས་པའི་ཚ་བ་ལས་ཡོ་རོབ་གླིང་གི་མཁའ་དབུགས་སྦགས་བཙོག་གི་ཚད་ཇེ་སྡུག་ཏུ་སོང་ཡོད་པ་དང་། ནགས་ཚལ་གྱི་མེ་སྐྱོན་ཉེན་ཁ་ཇེ་ཆེར་སོང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།