ཚེས12ཉིན། ཨ་སེ་པེད་ཅང་ལ་ཐོག་མར་འཚམས་འདྲི་བྱེད་པའི་སི་རི་ཡཱའི་སྲིད་དབང་གི་མགོ་ཁྲིད་པ་ཧྲ་ལཱ་ཡིས་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་ཨ་སེ་པེད་ཅང་གི་སྲིད་འཛིན་ཨ་ལེ་ཡེ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱི་གྲོས་མོལ་བྱེད་སྐབས་ཉེ་སྔོན་ཐུར་ཁེ་བརྒྱུད་དེ་སི་རི་ཡཱ་རུ་ཨ་སེ་པེད་ཅང་གི་རང་བྱུང་སོལ་རླངས་འདྲེན་པའི་ལས་གཞི་ལག་བསྟར་བྱས་ཏེ། སི་རི་ཡཱའི་ནུས་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱེད་པར་འཐད་པ་བྱུང་། ཉིན་དེར་ཨ་སེ་པེད་ཅང་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་ཟི་དང་སི་རི་ཡཱའི་ཕྱོགས་ཀྱིས་ནུས་ཁུངས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བཟོད་སྒོམ་བརྗེད་ཐོ་བཀོད་ཟེར།
ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེད་ཅང་ཕྱོགས་ཀྱིས་སི་རི་ཡཱའི་ནུས་ཁུངས་བདེ་འཇགས་དང་བསྐྱར་འཛུགས་བྱ་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། ཧྲ་ལཱ་ཡིས་བཤད་རྒྱུར། སི་རི་ཡཱ་ཡིས་ནུས་ཁུངས་དང་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ཁྱབ་ཁོངས་ནས་མཉམ་ལས་རྒྱ་བསྐྱེད་པར་ལྷག་ཏུ་རེ་བ་བྱེད་བཞིན་ཡོད་ཟེར།
2024ལོའི་ཟླ12པའི་ཚེས8ཉིན། ཧྲ་ལཱ་ཡིས་མགོ་ཁྲིད་པའི་སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པས་ཏཱ་མཱ་ཧྲི་ཀི་བཅིངས་འགྲོལ་བཏང་བ་དང་ཨ་སཱ་ཏི་སྲིད་དབང་རྩ་རྫོགས་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་སྲིད་དབང་གསར་བ་བཙུགས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།