ཁུ་པཱ་ཡིས་ཨ་མེ་རི་ཁས་ཁུ་པཱའི་མགོ་ཁྲིད་པར་བཀག་སྡོམ་བྱེད་ཐབས་སྤྱད་པར་རྒོལ་གཏམ་བཏང་།
2025.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིསི་ཚེས11ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ནེ་ཁཱ་ཨར་ལ་བཀག་སྡོམ་བྱེད་ཐབས་སྤྱད་པ་དེས་ཁུ་པཱའི་མི་དམངས་དང་དེའི་མགོ་ཁྲིད་སེམས་འདུན་ལ་གཡོ་འགུལ་གཏོང་ཐབས་མེད་ཟེར།

ལོ་ཏི་ལི་ཀི་སི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་ཁུ་པཱའི་གསར་བརྗེའི་གཙོ་འཛིན་ལ་ལམ་ཡིག་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དང་། ཁུ་པཱ་ལ་ཡུན་རིང་ཞིང་ཡ་ང་བའི་དཔལ་འབྱོར་གྱི་འཐབ་འཁྲུག་བསླངས་ཡོད་ཀྱང་། དེ་ལས་ཁུ་པཱའི་མི་དམངས་དང་དེའི་མགོ་ཁྲིད་པའི་སེམས་འདུན་ལ་གཡོ་འགུལ་གཏོང་ཐབས་མེད་ཟེར།

ཁུ་པཱའི་ཕྱི་འབྲེལ་པུའུ་ཨ་མེ་རི་ཁའི་སྤྱི་ཁྱབ་ཟི་ཡི་ཟི་ཀྲང་གཞོན་པ་ཐཱ་ཧྥུའུ་ལཱ་ཏཱ་ཡིས་ཀྱང་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་ཏིས་ཡཱ་སི་ཁཱ་ནེ་ཨར་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཁུ་པཱའི་མི་དམངས་ཀྱིས་དེའི་དབང་གིས་མགོ་སྒུར་མི་སྲིད་ཟེར།

ཐཱ་ཧྥུའུ་ལཱ་ཏཱ་ཡིས་ལུའུ་པུས་ཨོ་ཡི་ཐ་ཤལ་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པ་དང་། ཁོ་ནི་རིགས་རྒྱུད་ཚར་གཅོད་དང་གཞི་རྒྱ་ཆེ་བའི་སྒོ་ནས་གནས་སྤོར་སྡོད་དམངས་མཐར་བསྐྲོད་གཏོང་བའི་སྲིད་ཇུས་ཀྱི་སྲུང་སྐྱོབ་མཁན་གཙོ་བོ་རེད་ཟེར།

ཉིན་དེའི་སྔ་དྲོར། ལུའུ་པུས་ཨོ་ཡིས་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་དང་གསར་བརྗེའི་དྲག་ཆས་སྟོབས་ཤུགས་ཀྱི་པུའུ་ཀྲང་མུས་ཡེ་ལཱ། ནང་སྲིད་པུའུ་ཀྲང་ཁཱ་སཱ་སི། དེ་མིན་དེར་བློ་ཉེ་བའི་མི་རྣམས་ལ་ལམ་ཡིག་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།