ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཏོན་ནེ་ཚི་ཁི་ས་ཁུལ་གྱི་སྡེ་བ་གཉིས་བདག་བཟུང་བྱས།
2025.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས13ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཏོན་ནེ་ཚི་ཁི་ས་ཁུལ་གྱི་ཁཱ་ཨར་མཱ་ཁི་སི་སྡེ་ཁ་དང་ནེ་ཀུའུ་ལཱ་ཡེ་ཧྥུའུ་ཁཱ་སྡེ་བ་གཉིས་བདག་བཟུང་བྱས་ཡོད་ཟེར།

ཨུ་རུ་སིའི་དམག་དོན་ཆེད་མཁས་པ་མཱ་ལོ་ཆི་ཁི་ཡིས་བཤད་རྒྱུར། བདག་བཟུང་བྱས་པའི་ཁཱ་ཨར་མཱ་ཁི་སི་སྡེ་བ་ནི་ཨུ་རུ་སིའི་དམག་དཔུང་གིས་ཏོན་ནེ་ཚི་ཁིའི་ལྷོ་ཕྱོགས་ས་ཁུལ་དུ་དཔུང་འཇུག་བྱེད་སྐབས་ཀྱི་རྒྱལ་ཁ་ཞིག་ཡིན་པ་དང་། ཨུ་རུ་སིའི་དམག་དཔུང་གིས་མུ་མཐུད་དུ་དཔུང་འཇུག་བྱས་ནས་ལྷག་འཕྲོའི་སྡོད་དམངས་འདུས་སྡོད་བྱེད་ས་གཉིས་བདག་བཟུང་བྱས་ཡོད་ལ། ཨུ་རུ་སིའི་དམག་དཔུང་གིས་ཏོན་ནེ་ཚི་ཁིའི་ལྷོ་ངོས་ཀྱི་མཐའ་མཚམས་ས་ཁུལ་ཡོངས་སུ་བདག་བཟུང་བྱེད་ཐུབ་པའི་རེ་བ་ཡོད་ཟེར།

གཞན་ཡང་ཨུ་རུ་སིའི་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ཁཱ་ཨར་མཱ་ཁི་སི་སྡེ་བ་དེ་ཏོན་ནེ་ཚི་ཁི་ས་ཁུལ་དང་ཏིས་ཧྲི་པའོ་ལོ་པིས་ཏི་ལོ་ཧྥུའུ་སི་ཁི་མངའ་སྡེའི་འབྲེལ་མཚམས་སུ་གནས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།