ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མཱེ་ཅཱ་ཨར་གྱིས་ཚེས15ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་ཝུའུ་ཁི་ལན་གྱི་གྲོས་ཁང་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་ཚེས14ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉིན་དེར་ཁོས་ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་དང་པོ། དཔལ་འབྱོར་པུའུ་ཀྲང་སི་ཝེ་ལི་ཅན་ཁི་དང་གྲོས་མོལ་བྱས་པ་དང་། སི་ཝེ་ལི་ཅན་ཁི་ཡིས་ཙུང་ལིའི་འགན་ཁུར་དགོས་པའི་གྲོས་གཞི་བཏོན། ཚེས15ཉིན། ཙེ་ལིན་སི་ཅི་ཡིས་ཡང་བསྐྱར་རྩོམ་ཡིག་སྤེལ་ཏེ། ཁོས་ཉིན་དེར་སི་ཝེ་ལི་ཁི་ཅན་ཁི་དང་ཙུང་ལི་གཞོན་པ། གཞི་གྲངས་ཚུལ་བསྒྱུར་བཅོས་བསྒྱུར་པུའུ་ཀྲང་ཧྥེ་ཨོ་ཏའོ་ལོ་ཧྥུའུ་ལ་ཐུག་འཕྲད་བྱས་ནས། སྲིད་གཞུང་གསར་བའི་མ་འོངས་པའི་ཟླ་ངོ་དྲུག་གི་བྱེ་བྲག་གི་ལས་འགན་ལ་གྲོས་བསྡུར་བྱས་ཟེར།
ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཙེ་ལིན་སི་ཅི་ཡིས་ཉིན་ནེ་ཀི་བཅོས་སྒྲིག་བྱེད་པའི་འཆར་གཞི་ཡོད་པ་དང་། ཙུང་ལི་དང་རྒྱལ་སྲུང་པུའུ་ཀྲང་འདུས་པའི་ལས་གནས་གཙོ་བོ་མང་བོར་འབྲེལ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།