སི་རི་ཡཱའི་སྲིད་དབང་ནང་སྲིད་སྡེ་ཁག་གིས་ཚེས15ཉིན་བཤད་རྒྱུར། སི་རི་ཡཱའི་ལྷོ་ཕྱོགས་ཀྱི་སུའུ་ཝེ་ཏཱ་ཞིང་ཆེན་གྱི་དྲག་ཆས་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། སི་རི་ཡཱའི་ཕྱི་འབྲེལ་སྡེ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཁ་ཚིག་དྲག་པོས་དབྱི་སི་རལ་གྱིས་བསྟུད་མར་ཉིན་གཉིས་རིང་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱེད་པའི་བཙན་འཛུལ་བྱ་སྤྱོད་དེར་རྒོལ་གཏམ་བཏང་།
སི་རི་ཡཱའི་ནང་སྲིད་སྡེ་ཁག་གིས་གསལ་སྒྲོག་ལས་བཤད་རྒྱུར། སུའུ་ཝེ་ཏཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་སུའུ་ཝེ་ཏཱ་ཡི་སྲང་ལམ་སྐོར་ཞིག་ཏུ་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། སི་རི་ཡཱའི་སྲིད་དབང་གི་བདེ་འཇགས་དམག་དཔུང་དང་སུའུ་ཝེ་ཏཱ་ཞིང་ཆེན་གྱི་ས་གནས་འཐུས་མིས་ཉིན་དེར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས། དམག་བཀོལ་རླངས་འཁོར་དང་དམག་དཔུང་ཚང་མ་ཕྱིར་འཐེན་བྱས་ཏེ། སྡོད་དམངས་ཀྱི་འདོད་བློ་དང་བསྟུན་ནས་ཞི་འཇགས་ཀྱི་རྣམ་པ་སྲུང་འཛིན་བྱས། ཡིན་ཡང་ཁྲིམས་འགལ་དྲག་ཆས་ཚོགས་ཁག་གིས་ཡང་བསྐྱར་ཉེན་རྟོག་པ་དང་སྤྱི་བའི་བདེ་འཇགས་མི་སྣར་དམིགས་པའི་འཇབ་རྒོལ་སྤེལ་ཏེ། བདེ་འཇགས་གནས་བབ་ཐད་རྙོག་དྲ་བཟོས་ནས་གྲོས་མཐུན་དེར་གཏོར་བརླག་གཏོང་རྩིས་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་སྲིད་དབང་གིས་སུའུ་ཝེ་ཏཱ་ཞིང་ཆེན་གྱི་ས་གནས་འཐུས་མིའི་བར་མཉམ་ལས་ཟབ་མོ་བྱས་ཏེ། ས་དེ་ཕྱོགས་ཡོངས་ནས་ཚོད་འཛིན་བྱེད་པ་སླར་གསོ་དང་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།