ཅོར་ཏན་གྱིས་སྐོར་ཐེངས་གསར་པའི་ཅ་ཧྲའི་ནད་ཕོག་པའི་བྱིས་པ་བསྡུ་ལེན་བྱས།
2025.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས16ཉིན། ཅོར་ཏན་གྱི་དྲག་ཆས་དམག་དཔུང་གིས་འཛམ་གླིང་འཕྲོད་བསྟེན་པུའུ་དང་མཉམ་ལས་བྱས་ཏེ་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་ནས་ནད་ཕོག་པའི་བྱིས་པ་35དང་བྱིས་པའི་ནང་མི72ཕྱིར་འཐེན་བྱས།

ཅོར་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།  དེ་ནི་ཅོར་ཏན་གྱིས་ད་ལོའི་ཟླ3པར་ཅ་ཧྲ་ས་ཁུལ་གྱི་ནད་ཕོག་པའི་བྱིས་པ་དང་ལེན་བྱས་པའི་ཚུན་གྱི་མི་སྣ་སྐོར་ཐེངས་བདུན་པ་ཡིན་ལ་མི་གྲངས་ཆེས་མང་བའི་ཐེངས་ཤིག་ཀྱང་ཡིན།    ཁོ་ཚོ་ཧོ་སའེ་དབྱིན་རྒྱལ་པོའི་ཟམ་པའི་མཐའ་མཚམས་ཀྱི་འགག་སྒོ་ནས་ཅོར་ཏན་གྱི་སྨན་ཁང་མང་པོ་ཞིག་ཏུ་སོང་ནས་སྨན་བཅོས་བྱ་རྒྱུ་རེད།

མིག་སྔའི་བར་ཅོར་ཏན་གྱིས་ཅ་ཧྲ་ས་ཁུལ་ནས་ནད་ཕོག་པའི་བྱིས་པ112དང་དེ་མིན་བྱིས་པའི་ནང་མི241ཕྱིར་འཐེན་བྱས་པའི་ཁྲོད། བྱིས་པ་ཁག་ཅིག་གི་སྨན་བཅོས་མཇུག་བསྒྲིལ་ནས་ཅ་ཧྲ་ས་ཁུལ་དུ་ཕྱིར་ལོག་ཡོད་པ་རེད།

ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ད་ལོའི་ཟླ2པར་ཨ་རིར་འཚམས་འདྲི་བྱེད་སྐབས། ཅོར་ཏན་གྱིས་ཅ་ཧྲའི་ནད་ཕོག་པའི་བྱིས་པ་2000བསྡུ་ལེན་བྱས་ནས་སྨན་བཅོས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།