ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཧྲི་མེ་ཅ་ཨར་ཡིས་ཙུང་ལིའི་གོ་གནས་དགོངས་ཞུ་བྱས་པར་ཆོག་མཆན་བཀོད།
2025.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས16ཝུའུ་ཁི་ལན་གྱི་གྲོས་མི་ཡ་ལུའོ་སི་ལ་ཧྥུའུ·རི་ལེ་ཚི་ཉི་ཡ་ཁི་ཡིས་སྨྱན་བྱད་ལས་རྩོམ་ཡིག་སྤེལ་ནས།  ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་གིས་ཉིན་དེར་ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མེ་ཅ་ཨར་ཡིས་ལས་ཁུར་དགོངས་ཞུ་བྱས་པའི་ཆོག་མཆན་ལ་འདེམས་ཤོག་འཕངས་ནས་ཆོག་མཆན་ཐོབ་ཟེར།

རི་ལེ་ཚི་ཉི་ཡ་ཁི་ཡིས་བཤད་རྒྱུར། ཉིན་དེར་ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་གིས་འདེམས་ཤོག261འཕངས་ནས་ཧྲི་མེ་ཅ་ཨར་གྱི་ལས་ཁུར་དགོངས་ཞུ་བྱས་པར་ཆོག་མཆན་སྤྲད་པ་དེ་ལོང་དགོས་པའི་འདེམས་ཤོག་གི་གྲངས་ཀ་དམའ་ཤོས226ལས་བརྒལ་ཡོད་ཟེར།

ད་ལོ་ལོ་ན49ལ་སླེབས་པའི་ཧྲི་མེ་ཅ་ཨར་གྱིས་སྔོན་ཆད་དབྱི་ཝན་ནུའོ-ཧྥུ་ལན་ཁོ་ཧྥུ་སི་ཁེ་མངའ་སྡེའི་མགོ་གཙོ་དང་ཙུང་ལི་གཞོན་པའི་འགན་འཁུར་མྱོང་།ཁོས2020ལོའི་ཟླ3པ་ནས་བཟུང་ཙུང་ལིའི་འགན་འཁུར་ནས་སྐབས་འདིའི་སྲིད་གཞུང་ཁྲོད་ཀྱི་ལས་འགན་འཁུར་ཡུན་རིང་ཤོས་ཀྱི་ནང་བློན་ཁང་གི་དཔོན་རིགས་ཀྱི་གྲས་ཤིག་རེད།

ཚེས14ཉིན་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་སྨྱན་བྱད་ལས་རྩོམ་ཡིག་སྤེལ་ནས་བསྟན་དོན།ཉིན་དེར་ཁོས་ཝུའུ་ཁི་ལན་གྱི་ཙུང་ལི་གཞོན་པ་དང་པོ་དང་དཔལ་འབྱོར་པུའུ་ཀྲང་སི་ཝུའེ་ལི་ཅན་ཁི་དང་གྲོས་མོལ་བྱས་ནས།སི་ཝུའེ་ལི་ཅན་ཁི་ཡིས་ཙུང་ལིའི་འགན་འཁུར་རྒྱུའི་གྲོས་མགོ་བཏོན། དེའི་རྗེས་ཀྱི་ཚེས15ཉིན་ཧྲི་མེ་ཅ་ཨར་གྱིས་ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་ལ་ཡིག་ཐོག་གི་དགོངས་ཞུ་ཡི་གེ་ཕུལ་བ་རེད།

ཚུའུ་ཁི་ལན་གྱི་བཅའ་ཁྲིམས་གཞིར་བཟུང་ན་ཝུའུ་ཁི་ལན་གྱི་ཙུང་ལིས་ལས་ཁུར་དགོངས་ཞུ་བྱས་ཚེ།ཝུའུ་ཁི་ལན་གྱི་ནང་བློན་ཁང་གིས་ཐུན་མོང་གིས་ལས་ཁུར་དགོངས་ཞུ་བྱེད་ཀྱི་ཡོད་པ་རེད། ནང་བློན་ཁང་གསར་པ་མ་གྲུབ་གོང་ད་ལྟའི་ནང་བློན་ཁང་གིས་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་དགོས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།