གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་རིག་མཛོད་ཀྱི་མཐོ་རིམ་གླེང་སྟེགས་ཀྱིས《གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་རིག་མཛོད་ཀྱི་མིས་བཟོས་རིག་ནུས་མཉམ་ལས་དང་འཕེལ་རྒྱས་ཀྱི་གྲོས་མགོ》ཁྱབ་བསྒྲགས་བྱས།
2025.07.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས15ཉིན་ནས་ཚེས17ཉིན་བར། གསར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་རིག་མཛོད་ཀྱི་རྩེར་སོན་གླེང་སྟེགས་པཱ་ཞིའི་ལི་ཡའོ་རི་ནེ་ལུའུ་རུ་བསྡུས། ཚེས་16ཉིན།  གླེང་སྟེགས་གྱིས《གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་རིག་མཛོད་ཀྱི་མིས་བཟོས་རིག་ནུས་མཉམ་ལས་དང་འཕེལ་རྒྱས་ཀྱི་གྲོས་འགོ》ཁྱབ་བསྒྲགས་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་དང་རིག་མཛོད་ཀྱིས་འདྲ་མཉམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་སྒོ་འབྱེད་བསྟུན་མཁས་ཀྱི་མཉམ་ལས་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ་མིས་བཟོས་རིག་ནུས་ལ་ནུས་པ་འདོན་སྤེལ་བྱེད་པའི་གསར་འགྱུར་ཐོན་སྐྱེད་དང་རིག་མཛོད་ཞིབ་འཇུག་གི་རྣམ་པ་གསར་པ་མཉམ་དུ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་སྤུན་ཟླའི་རྒྱལ་ཁབ་དང་བཅས་པའི་རྒྱལ་ཁབ36ནས་ཡོང་བའི་སྨྱན་བྱད་དང་རིག་མཛོད། སྲིད་གཞུང་སྒྲིག་གཞི། ཁེ་ལས། ས་ཁུལ་རྩ་འཛུགས་བཅས་ཀྱི་འཐུས་མི250ལྷག་ཙམ་གྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་མ་འོངས་པ་མཉམ་སྐྲུན་བྱས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལེའུ་གསར་པ་མཉམ་དུ་འབྲི་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མིས་བཟོས་རིག་ནུས་འཕེལ་རྒྱས་མཉམ་ལས་དང་བཅོས་སྐྱོང་སྒྲིག་སྲོལ། ལག་རྩལ་ཚད་གཞི་བཟོ་བ་སོགས་ཀྱི་ཐད་ནས་སྨྱན་བྱད་དང་རིག་མཛོད་ཀྱི་ནུས་པ་དང་འགན་འཁྲི་ལ་གྲོས་བསྡུར་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད།

གྲོས་མགོ་འདིས་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ནས་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་རྣམ་པ་གསར་པ་མཉམ་སྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐོན་ལས་མཉམ་ལས་ཀྱི་ལས་རྣམ་གསར་པ་མཉམ་དུ་འཛུགས་པའི་བློ་རིག་ཐོན་སྐྱེད་ཀྱིས་ཤེས་བྱ་མཉམ་སྤྱོད་ཀྱི་མ་ལག་གསར་པ་མཉམ་དུ་འཛུགས་པའི་ངོས་འཛིན་གལ་ཆེན་བྱུང་ཡོད།  ཚོགས་ཞུགས་མི་སྣ་རྣམས་ཀྱིས་མིས་བཟོས་རིག་ནུས་ལག་རྩལ་གསར་བརྗེ་ཡིས་འཛམ་གླིང་གི་ཆ་འཕྲིན་ཁྱབ་སྤེལ་གྱི་རྣམ་པ་བསྐྱར་དུ་གཏོད་བཞིན་ཡོད་པ་དང་། ཕྱོགས་གཅིག་ནས་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཞི་གྲངས་ཅན་གྱི་ཚུལ་སྒྱུར་ལ་གོ་སྐབས་གསར་པ་བསྐྲུན་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ལག་རྩལ་སྒེར་སྡེམ་དང་གཞི་གྲངས་བཙན་དབང་སོགས་མ་ལག་རང་བཞིན་གྱི་ཉེན་ཁ་ཆེ་རུ་གཏོང་བར་ཡོངས་ཁྱབ་ཏུ་ངོས་འཛིན་ བྱས་པ་རེད། དེར་བརྟེན། གསར་དར་ཁྲོམ་ར་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བློ་གྲོས་ཐུན་མོང་ཚོགས་པ་ཡིན་པའི་ངོས་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་དང་རིག་མཛོད་ཀྱིས་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ནས། ལག་རྩལ་ལ་མཉམ་དུ་ཞིབ་འཇུག་དང་ཚད་གཞི་མཉམ་འཛུགས། བཅོས་སྐྱོང་ལ་མཉམ་དུ་གྲོས་མོལ་བྱེད་པ་བཅས་ཀྱི་མཉམ་ལས་དཔེ་སྟོན་བཙུགས་ནས། མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འཛམ་གླིང་ལ་ཕན་ཐོགས་པར་སྐུལ་འདེད་གཏོང་དགོས།

ཚོགས་ཞུགས་མི་སྣ་རྣམས་ཀྱིས་གྲོས་མགོ་དེ་མགོ་རྩོམ་སར་བྱས་ཏེ་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་དང་རིག་མཛོད་ཀྱིས་ལག་གདང་སྦྲེལ་ནས་ཆ་འཕྲིན་མཉམ་ལས་དང་སྐད་ཆ་མཉམ་སྐྲུན་བྱས་པ་བརྒྱུད་ནས། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གཞི་གྲངས་གོ་སྐབས་དམ་འཛིན་དང་རྒྱལ་སྤྱིའི་སྒྲིག་ལམ་འཕོ་འགྱུར་ལ་སྐུལ་འདེད་གཏོང་རྒྱུར་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས་ནས། མཉམ་དུ་མིས་བཟོས་རིག་ནུས་དུས་རབས་ཀྱི་ཤེས་རིག་མཉམ་གནས་ཀྱི་ལེའུ་གསར་པ་འབྲི་དགོས་པའི་འབོད་སྐུལ་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།