དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན10འཛིན་བཟུང་བྱས།
2025.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་ཅུའུ་ཡིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་འཇིགས་སྐུལ་ངོ་རྒོལ་དམག་དཔུང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་མང་བོ་ནས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན10འཛིན་བཟུང་བྱས་པར་མ་ཟད། དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་མང་བོར་གཏོར་བཤིག་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་དམག་དཔུང་གིས་ཏིས་ཡཱ་ལཱ་དང་སཱ་ལཱ་ཧི་ཏེན། ནེ་ནེ་ཝེ། ཅི་ཨར་ཁུའུ་ཁི། ཨན་པཱ་ཨར། སུའུ་ལའེ་མན་ནེ་ཡཱ་སོགས་ཞིང་ཆེན་དུ་དམག་དོན་འགུལ་སྐྱོད་ཐེངས་མང་སྤེལ་ཏེ། བསྡོམས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན10འཛིན་བཟུང་བྱས། དེའི་ནང་ཨན་པཱ་ཨར་ཞིང་ཆེན་གྱི་བྱེ་ཐང་ས་ཁུལ་གྱི་འགུལ་སྐྱོད་ཁྲོད་འཇིགས་སྐུལ་ངོ་རྒོལ་དམག་དཔུང་གིས་དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་དྲུག་རྩད་ཆོད་ནས་གཏོར་བཤིག་བཏང་ཡོད་ཟེར།

དབྱི་རག་གི་འཇིགས་སྐུལ་ངོ་རྒོལ་ཅུའུ་ཡིས་གསལ་སྒྲོག་ནང་བསྐྱར་སྒྲོག་བྱས་དོན། མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ཀྱི་སྟོབས་ཤུགས་ལྷག་འཕྲོར་ཆམ་ཕབ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།