
ཚེས11ཉིན། ཀ་པོན་གྱི་འཕྲོད་བསྟེན་པུའུ་ཡི་དྲུང་ཡིག་ཆེན་མོ་ཨ་ལན·ཞ་ཨེར·ལུའོ་ཐན་པོ་ཡིས་ལོ་མང་རིང་ཀྲུང་གོའི་ཁ་ན་ཏར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་སྒེར་སེམས་མེད་པར་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ས་གནས་དེའི་ནད་པར་བདེ་ཐང་སྦྱིན་ཡོད་ཟེར།
ལུའོ་ཐན་པོ་ཡིས་ཀ་པོན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གཉེར་བའི་ཀ་པོན་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག26པ་དང27པའི་སྣེ་ལེན་ཚོགས་འདུའི་སྟེང་ཤིས་ཚིག་ཕུལ་ནས། ཀྲུང་གོའི་སྨན་བཅོས་རུ་མི་ཚོས་ལོ་མང་རིང་ས་གནས་དེའི་སྨན་བཅོས་མི་སྣར་ཤེས་བྱ་གསར་པ་བརྒྱུད་ཁྲིད་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་རྨང་རྡོ་སྔར་ལས་སྲ་བརྟན་དུ་བཏང་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བརྩེ་སེམས་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། སྨན་བཅོས་རུ་ཁག་གསར་པས་མུ་མཐུད་དུ་འབད་བརྩོན་བྱས་ནས་ཁ་ན་ཏ་དང་ཀྲུང་གོའི་མཛའ་བརྩེའི་དང་དངོས་གཉེར་མཉམ་ལས་ལ་སླར་ཡང་གསོན་ཤུགས་ རྒྱས་པར་རེ་སྒུག་བྱེད་ཀྱི་ཡོད་ཟེར།
ཀ་པོན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་བློ་འདྲི་བ་ཝང་ཚུའེ་ཡིས་ཤིས་ཚིག་འབུལ་སྐབས། སྨན་བཅོས་འཕྲོད་བསྟེན་མཉམ་ལས་ནི་ཀྲུང་གོ་དང་ཁ་ན་ཏའི་མཛའ་བརྩེའི་སྲོག་ཤིང་གལ་ཆེན་ཞིག་ཡིན། སྨན་བཅོས་རུ་ཁག་ཁག26པ་གཞི་རིམ་སྨན་ཁང་དུ་གཞི་ཚུགས་པར་མ་ཟད། འོས་འགན་སྨན་བཅོས་དང་སྐོར་ཞིབ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཀ་པོན་གྱི་ཞིང་ཆེན་དགུར་བསྐྱོད་ནས་ས་གནས་དེའི་ནད་པར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པར་ཁ་ན་ཏའི་སྲིད་གཞུང་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ཁོ་མོས་སྨན་བཅོས་རུ་མི་ཁག27པས་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཀྲུང་གོ་དང་ཁ་ན་ཏའི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་སྐུལ་མ་བཏང་།
1977ལོ་ནས་བཟུང་ཀྲུང་གོའི་ཐེན་ཅིན་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཀ་པོན་དུ་སྨན་བཅོས་རུ་ཁག་སྐོར27མངགས་ནས། ཀ་པོན་གྱི་ས་ཁུལ་མང་པོ་ཞིག་ཏུ་གཏིང་ཟབ་པའི་སྒོ་ནས་སྨན་བཅོས་ཞབས་ཞུ་སྒྲུབ་པར་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།