ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་གྱིས་འཆར་གཞི་གསར་བ་ཉེར་བརྒྱད་དང་ལེན་བྱེད་དུས་བཅད་བྱས།
2025.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས21ཉིན་བཤད་རྒྱུར། ཁོས་ཝུའུ་ཁི་ལན་གྱིས་ཆེས་འགོར་ཡང་ཟླ་འདིའི་ཚེས27ཉིན་ཨ་མེ་རི་ཁའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་བཏོན་པའི་འཆར་གཞི་ཉེར་བརྒྱད་དེ་དང་ལེན་བྱེད་དགོས་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་ཧྥུའུ་ཁི་སི་གསར་འགྱུར་རྒྱང་སྒྲོག་ཁང་གི་བཅར་འདྲི་དང་ལེན་བྱས། ཝུའུ་ཁི་ལན་ཕྱོགས་ལ་ཆེས་མཇུག་མཐའི་དུས་བཅད་གཏན་འཁེལ་བྱས་ཡོད་མིན་ལ་ལན་འདེབས་སྐབས། གནས་ཚུལ་ལ་འགོར་འགྱངས་བྱེད་སྲིད་ཀྱང་། ཚེས27ཉིན་ནི་ཆེས་འོས་འཚམ་གྱི་དུས་ཚོད་རེད་ཟེར།

ཁོས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་གྱི་མངའ་ཁོངས་ཤོར་བཞིན་ཡོད་པ་དང་། དུས་ཡུན་ཐུང་ངུའི་ནང་སྔར་ལས་མང་བོ་ཤོར་སྲིད་ཟེར།

ཉིན་དེའི་ཕྱི་དྲོར་ཕོ་བྲང་དཀར་པོའི་འཇོངས་དབྱིབས་གཞུང་སྒྲུབ་ཁང་ནས་སྨྱན་བྱད་ཀྱི་དྲི་བར་ལན་འདེབས་སྐབས་ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་འཆར་གཞི་གསར་བ་ཉེར་བརྒྱད་པོ་དེར་ཆོག་མཆན་མི་འགོད་ཐབས་མེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།