འབར་མ་ཡིས་ཀའོ་ཧྲི་ཙའོ་མེའོ་ཡི་ཐེ་ཝན་དང་འབྲེལ་བའི་ནོར་འཆུག་གཏམ་བཤད་ལ་རྒོལ་གཏམ་བཏང་།
2025.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གསར་འགྱུར་སྒྲོག་སྤེལ་ཚན་ཆུང་གི་ཚོགས་གཙོ་ཙོ་མེན་ཐོན་གྱིས་ཚེས22ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡི་ཐེ་ཝན་དང་འབྲེལ་བའི་ནོར་འཆུག་གཏམ་བཤད་ལ་རྒོལ་གཏམ་བཏང་བ་དང་། འབར་མ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་བསྐྱར་སྒྲོག་བྱས།

ཙོ་མེན་ཐོན་གྱིས་བསྟན་དོན། ཀའོ་ཧྲི་ཙའོ་མེའོ་ཡི་གཏམ་བཤད་ལས་ལོ་རྒྱུས་ཀྱི་བསླབ་བྱ་བསྡུ་ལེན་བྱས་མེད་པ་དང་། འཇར་པན་གྱིས་ཨེ་ཤ་ཡཱ་ནས་བཟོས་པའི་ནག་ཉེས་ལ་བློ་འགྱོད་ཅི་ཡང་མེད་ལ་འགན་མི་ཁུར་བའི་སྣང་ཚུལ་མཚོན་ཡོད། འབར་མ་དང་བཅས་པའི་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་དག་གིས་སྔོན་ཆད་འཇར་པན་ཧྥ་ཞི་སི་རིང་ལུགས་ཀྱི་གནོད་པ་མྱངས་མྱོང་། འབར་མ་ཡིས་འཇར་པན་གྱི་མགོ་འབུས་འབྱུང་ཉེན་ཡོད་པའི་ཧྥ་ཞི་སི་རིང་ལུགས་ལ་མཐའ་གཅིག་ཏུ་རྒོལ་གཏམ་གཏོང་བཞིན་ཡོད་ཟེར།

ཙོ་མེན་ཐོན་གྱིས་བསྟན་དོན། ཀའོ་ཧྲི་ཙའོ་མེའོ་ཡི་གཏམ་བཤད་དེ་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་འགལ་ཡོད་པ་དང་། ཐེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་ལ་ངན་སྐུལ་ཐེབས་ཡོད། ཁོས་ནན་གྱིས་བསྟན་དོན། འབར་མ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཐེ་ཝན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲལ་དུ་མེད་པའི་ཁག་ཅིག་ཡིན་ཞིང་། ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། འབར་མས་ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཐེ་གཏོགས་བྱེད་པར་རྒོལ་གཏམ་གཏོང་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།