
2025ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འགྲོ་མིའི་ཐོབ་ཐང་བགྲོ་གླེང་ཚོགས་འདུ་ཚེས4ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་རྒྱལ་ས་པུས་ལེ་ཐའོ་ལེ་ཡཱ་ནས་སྤེལ། ཐེངས་འདིའི་བྱ་འགུལ་གྱིས་ཕྱོགས་མང་རིང་ལུགས་དང་འཕེལ་རྒྱས་དབང་ཆའི་མངོན་འགྱུར་ཞེས་པ་བརྗོད་སྙིང་དུ་བྱས་ཡོད་ལ། ཚོགས་ཞུགས་སྐུ་མགྲོན་དག་གིས་གོ་ལ་ཧྲིལ་བོའི་གྲོས་འདོན་ཆེན་མོ་བཞི་དང་། གོ་ལ་ཧྲིལ་བོའི་འགྲོ་མིའི་ཐོབ་ཐང་བཅོས་སྐྱོང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་དངོས་གཉེར་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་དབང་ཆར་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིའི་ཐད་ནས་བརྗེ་རེས་དང་དཔྱད་བསྡུར་བྱས།
ཚོགས་ཞུགས་སྐུ་མགྲོན་དག་གིས་ཡོངས་ཁྱབ་ཏུ་བལྟས་ན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཐུན་ཆ་མང་བོ་ཡོད་པར་འདོད། རྒྱལ་ཁབ་གཉིས་ནི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པ་དང་། འགྲོ་མིའི་ཐོབ་ཐང་གནད་དོན་ཐད་ཀྱི་འདུ་ཤེས་གཅིག་མཚུངས་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་འགྲོ་མིའི་ཐོབ་ཐང་དང་དཔལ་ཡོན་བརྗེ་རེས་དཔེར་ལེན་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། གོ་ལ་ཧྲིལ་བོའི་གྲོས་འདོན་ཆེན་པོ་བཞི་མཉམ་དུ་ལག་བསྟར་བྱས་ཏེ། གོ་ལ་ཧྲིལ་བོའི་འགྲོ་མིའི་ཐོབ་ཐང་བཅོས་སྐྱོང་དེ་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་སློབ་ཆེན་གྱི་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པ་དང་། འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས། རིག་མཛོད་། ཁེ་ལས། སྨྱན་བྱད་བཅས་ཀྱི་འཐུས་མི་སོགས་མི50ལྷག་བྱ་འགུལ་ལ་ཞུགས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།